གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 05ཚེས་06ཉིན། 13:59】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་བསྐོ་འཐེན་བྱས།
ཡན་ཆིང་ཧུའེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པར་བསྐོ་གཞག་བྱས། ཝང་ཀྲའོ་རྒྱལ་ཁབ་རང་བྱུང་ཐོན་ཁུངས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་གཞོན་པར་བསྐོ་གཞག་བྱས། (ཆེད་བསྐོས་པ།) ཁྲེན་ཏན(བུད་མེད།)རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ཀྱི་ཅུས་ཀྲང་གཞོན་པར་བསྐོ་གཞག་བྱས།
རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་གོ་ཡུང་གི་གོ་གནས་ཕྱིར་འཐེན་བྱས། རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཏན་གྱི་གོ་གནས་ཕྱིར་འཐེན་བྱས། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡན་ཆིང་ཧུའེ་ཡི་གོ་གནས་ཕྱིར་འཐེན་བྱས། ཀྲུང་གོའི་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཀྲོའུ་ཅེ་ཡི་གོ་གནས་ཕྱིར་འཐེན་བྱས།