འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་6ཉིན།

༄༅།།ཀྲུང་གོ་བ་5ཨ་རིའི་འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཐད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་06ཉིན། 13:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཚེས་2ཉིན། ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་1ཉིན་གྱི་དགོང་མོ་ཨ་རིའི་ཨའེ་ཏ་ཧོ་མངའ་སྡེའི་རྡོ་སེར་རྒྱལ་ཁབ་སྤྱི་གླིང་གི་ཉེ་འགྲམ་དུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་ཐོན་པ་དང་། ཤེས་རྟོགས་རགས་ཙམ་བྱུང་བར་གཞིགས་ན། དོན་རྐྱེན་འདིའི་ནང་ཀྲུང་གོའི་སྤྱི་དམངས་5རྐྱེན་ལམ་དུ་ཤོར་བ་དང་། ཀྲུང་གོའི་སྤྱི་དམངས་8ལ་རྨས་སྐྱོན་ཕོག་ཡོད་པ་ར་སྤྲོད་བྱས་པ་རེད། དོན་རྐྱེན་འབྱུང་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད།

    ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་རྐྱེན་ལམ་དུ་ཤོར་བ་དང་རྨས་སྐྱོན་དང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་རེད།

   སྤྱི་ཁྱབ་གཞུང་ཚབ་ཁང་གིས། གཞུང་ཚབ་སྲུང་སྐྱོང་གི་འཕྲལ་སྡོམ་ལམ་སྲོལ་འཕྲལ་མར་ལག་བསྟར་བྱས་ནས་རྨས་སྐྱོན་དང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་གཞུང་ཚབ་སྲུང་སྐྱོང་དང་རོགས་རམ་བྱས་ཡོད་ཅེས་བཤད་པ་རེད། ཨ་རི་ཕྱོགས་ཀྱིས་འབྲེལ་ཡོད་གནས་ཚུལ་ལ་བརྟག་ཞིབ་བྱས་པ་དང་འབྲེལ་ཀྲུང་གོ་ཕྱོགས་ལ་དངོས་སུ་བརྡ་ཁྱབ་བཏང་ནས་ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་བྱས་ནས་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་མཇུག་སྐྱོང་གི་རོགས་རམ་བྱེད་དགོས་པ་བླང་བྱ་བཏོན་ཡོད། སྤྱི་ཁྱབ་གཞུང་ལས་ཁང་གིས་མུ་མཐུད་ནུས་ཤུགས་ཡོད་རྒུས་མཇུག་མཐའི་ལས་དོན་ཡག་པོར་སྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།

    ཚེས་2ཉིན་ཨའེ་ཏ་ཧོ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས། དོན་རྐྱེན་འདི་ནི་རྡོ་སེར་རྒྱལ་ཁབ་སྤྱི་གླིང་ནུབ་ཕྱོགས་ཀྱི་སྤྱི་ལེ་26ཙམ་ཡོད་པའི་ཧེང་ལི་མཚེའུ་མངའ་སྡེས་བཙུགས་པའི་སྤྱི་གླིང་ཉེ་འགྲམ་གྱི་གཞུང་ལམ་ཞིག་ཏུ་ཐོན་པ་དང་། ཟླ་5ཚེས་1ཉིན་གྱི་ས་སྲོས་དུས་སུ་ཕི་ཁཱ་ལྗིད་ཐེག་རླངས་འཁོར་ཞིག་དང་མགྲོན་འཁོར་ཆུང་བ་ཞིག་རྡུང་ཁ་ཐེབས་རྗེས་མེ་ཤོར་ནས་ཕི་ལྗིད་ཐེག་རླངས་འཁོར་གྱི་ཁ་ལོ་བ་རྐྱེན་ལམ་དུ་ཤོར་བ་དང་མགྲོན་འཁོར་ནང་གི་འགྲུལ་པའང་རྐྱེན་ལམ་དུ་ཤོར་བ་རེད།