འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་6ཉིན།

༄༅།།ཨ་རིའི་དམག་གིས་འཇབ་རྒོལ་ཐེངས་མང་བྱས་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་06ཉིན། 13:52】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཡེ་མེན་ཧུའུ་སའེ་དྲག་དཔུང་གི་གནས་འཕྲིན་ལ་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་4ཉིན་གྱི་དགོང་མོར། ཨ་རིའི་དམག་དཔུང་གིས་སླར་ཡང་ཡེ་མེན་ཧོ་ཐའེ་ཏ་ཞིང་ཆེན་གྱི་ལ་སི་དབྱི་ས་གྲུ་ཁ་དང་ཁ་མ་ལན་གླིང་ཕྲན་ལ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་པ་རེད།

    གཞན་ཡང་། ཨ་རིའི་དམག་དཔུང་གིས་ཡེ་མེན་གྱི་རྒྱལ་ས་སཱ་ན་ལྷོ་རྒྱུད་ལ་ཡང་མཁའ་རྒོལ་ཐེངས་གསུམ་བྱས་པ་རེད། ཨ་རིའི་དམག་དཔུང་གིས་ཡེ་མེན་གྱི་ས་ཆ་མང་པོར་མཁའ་རྒོལ་བྱས་ནས་མི་མང་པོར་རྨས་སྐྱོན་བཟོས་ཡོད། ཡེ་མེན་གྱི་ཧུའུ་སའེ་དྲག་དཔུང་གིས་ཚོད་འཛིན་བྱས་པའི་མ་ཞི་ལ་བརྙན་འཕྲིན་ལས་ཁུངས་ཀྱིས་ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་5ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་དམག་དཔུང་གིས་ཡེ་མེན་སཱ་ན་ཞིང་ཆེན་ལྷོ་རྒྱུད་པ་ཉི་མ་ཐར་ས་ཁུལ་ལ་མཁའ་རྒོལ་ཐེངས་6བྱས་པ་རེད།