འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་6ཉིན།

༄༅།།རང་རྒྱལ་གྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་10.7ལྷག་ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་06ཉིན། 09:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གྲངས་གཞི་གསར་ཤོས་ལ་གཞིགས་ན། ཟླ་གསུམ་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་གཞི་རྩའི་རྒན་གསོ་དང་། ལས་ཤོར། ལས་རྨས་བཅས་ཀྱི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་དུང་ཕྱུར་10.71དང་། དུང་ཕྱུར་2.44 དུང་ཕྱུར་2.97བཅས་སོ་སོར་ཟིན་ཏེ་དུས་མཚུངས་ལས་མི་ཁྲི་442དང་། མི་ཁྲི་256 མི་ཁྲི་271བཅས་སོ་སོར་འཕར་ཡོད་པ་རེད།

    “ལས་རྨས་འགན་བཅོལ་གསར་པའི”ལས་རྣམ་གསར་པའི་མི་སྣའི་ལས་རིགས་ཀྱི་གནོད་འཚེའི་འགན་སྲུང་ཡིན་པའི་ངོས་ནས་ཚོད་ལྟའི་ས་ཁུལ་གྱིས་རྒྱུན་མཐུད་དང་བརྟན་པོའི་ངང་ལག་ལེན་བསྟར་ཡོད། ཟླ་གསུམ་པའི་ཟླ་མཇུག་བར། མངག་ཚོང་སྐྱེལ་མཁན་དང་དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ་སོགས་ལས་སྟེགས་ཀྱི་ལས་ཞུགས་མི་སྣ་འགན་བཅོལ་ནང་ཞུགས་ཚད་མི་ཁྲི་1104ལྷག་ཟིན་ཡོད་པ་རེད།

     ཐེབས་རྩའི་གཏོང་ཡོང་ལ་བལྟས་ན། དུས་ཚིགས་དང་པོར་གཞི་རྩའི་རྒན་གསོ་དང་། ལས་ཤོར། ལས་རྨས་བཅས་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་ཁག་གསུམ་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་2.36དང་སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་1.94ཟིན་པ་དང་། ཟླ་3པའི་ཟླ་མཇུག་ཏུ་རིམ་རྩིས་བརྒྱབ་པའི་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་9.6ཟིན་ཏེ་ཐེབས་རྩ་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད།

    མཐའ་ཚད་དམ་འཛིན་དང་ལས་ཤོར་མི་སྣའི་གཞི་རྩའི་འཚོ་བ་འགན་ལེན་ཐད། དུས་ཚིགས་དང་པོར་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ཁྲི་826ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་གྲོན་དངུལ་ཚབ་འཇལ་བྱས་པ་དང་། གཞན་ཡང་ད་དུང་ལས་ཤོར་འགན་བཅོལ་གྱི་གྲོན་དངུལ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་ཚབ་འཇལ། རིན་གོང་གི་གནས་སྐབས་ཁ་གསབ་སོགས་བྱས་ནས་ལས་ཤོར་འགན་བཅོལ་གྱི་ཐོབ་ཆ་སྒོར་དུང་ཕྱུར་365.4སྤྲད་ཡོད་པ་རེད།