འཚོལ་བཤེར།   
藏文频道
2025ལོའི་ཟླ་5ཚེས་6ཉིན།

༄༅།།2025ལོའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 05ཚེས་06ཉིན། 09:49】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ནོར་སྲིད་པུས་2025ལོའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་འགྲེམས་སྤེལ་གྱི་བཀོད་སྒྲིག་ལྟར། ཉེ་ཆར། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱི་དུས་ཐེངས་གཉིས་ལ་འོས་སྐུལ་བྱས་པ་དེའང་དུས་ཡུན་ལོ་20དང་དུས་ཡུན་ལོ་30ཡིན་པའི་ད་ལོའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་འགྲེམས་ཐེངས་དང་པོ་དེ་རེད། དེའི་ནང་2025ལོའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན(དུས་ཐེངས་དང་པོ)ནི་དུས་ཡུན་ལོ་20ཡི་གཏན་འཇགས་སྐྱེད་ཚད་ཀྱི་ཟུར་སྐྱེད་བུན་ལོར་ཞིག་ཡིན་པས་འགྲན་རྩོད་རང་བཞིན་གྱི་འོས་སྐུལ་དངུལ་ཐང་བསྡོམས་སྒོར་དུང་ཕྱུར་500ཟིན་པ་དང་། 2025ལོར་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན(དུས་ཐེངས་གཉིས་པ)ནི་དུས་ཡུན་ལོ་30ཡི་གཏན་འཇགས་སྐྱེད་ཚད་ཀྱི་ཟུར་སྐྱེད་བུན་ལོར་ཡིན་པས་འགྲན་རྩོད་རང་བཞིན་གྱི་འོས་སྐུལ་དངུལ་ཐང་བསྡོམས་སྒོར་དུང་ཕྱུར་710ཟིན་ཡོད།

     སྔོན་རྩིས་བཀོད་སྒྲིག་ལ་གཞིཌ་ན། ད་ལོ་རང་རྒྱལ་གྱིས་དུས་ཡུན་ཆེས་རིང་བའི་དམིཌ་བསལ་རྒྱལ་བུན་སྒོར་དུང་ཕྱུར་ཁྲི་1.3འགྲེམས་རྩིས་ཡོད་པ་དེ་2024ལོ་ལས་སྒོར་དུང་ཕྱུར་3000འཕར་ཡོད། དེའི་ནང་སྒོར་དུང་ཕྱུར་8000“གཙོ་གལ་གཉིས”ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་སྤྱོད་རྒྱུ་དང་སྒོར་དུང་ཕྱུར་5000གཞི་རྒྱ་ཆེ་རུ་བཏང་ནས“རྣམ་པ་གསར་པ་གཉིས”ཀྱི་སྲིད་ཇུས་ལག་བསྟར་ལ་སྤྱོད་རྒྱུ་རེད།

     མིག་སྔར་རང་རྒྱལ་གྱི་རྒྱལ་བུན་རིགས་ནང་གཙོ་བོ་བཅོལ་དངུལ་གྱི་རྒྱལ་བུན་དང་རྩིས་བཀོད་རྒྱལ་བུན་རིགས་ཆེ་གྲས་གཉིས་ཚུད་ཡོད། བཅོལ་དངུལ་གྱི་རྒྱལ་བུན་དེ་མི་སྒེར་ལ་ཐད་ཀར་འཚོང་བ་དང་། རྩིས་བཀོད་རྣམ་པའི་རྒྱལ་བུན་དེ་རིམ་པ་དང་པོའི་ཁྲོམ་ར་ནས་འཚོང་འགན་ལེན་མཁན་ཚོགས་པ་བརྒྱུད་གཙོ་བོ་སྒྲིག་གཞིའི་མ་འཇོག་མཁན་ལ་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་དང་། ཁྲོམ་རར་བཏོན་རྗེས་མི་སྒེར་གྱི་མ་འཇོག་མཁན་གྱིས་ཀྱང་རིམ་པ་གཉིས་པའི་ཁྲོམ་ར་ནས་སྒྲིག་གཞིའི་མ་འཇོག་མཁན་གྱི་ས་ནས་ཉོ་ཆོག

ལས་རིགས་གཅིག་པའི་མི་སྣས་དྲན་སྐུལ་བྱས་པར། བཅོལ་དངུལ་རྒྱལ་བུན་གྱི་སྐྱེད་ཀ་དང་ཡོང་འབབ་བརྟན་པོ་ཡོད་པ་དང་མི་འདྲ་བར་རྩིས་བཀོད་རྣམ་པའི་རྒྱལ་བུན་གྱི་རིན་གོང་དེ་ཁྲོམ་རའི་འཛའ་ཐང་དང་བསྟུན་ནས་འཕར་ཆག་ཡོང་གི་ཡོད་པས་མ་འཇོག་མཁན་གྱིས་རྨོངས་ཚོད་ངང་མ་རྩ་འཇོག་མི་རུང་།