འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་30ཉིན།

༄༅།།འཇབ་རྒོལ་ཁྲོད་མི་68རྐྱེན་ལམ་དུ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་30ཉིན། 13:59】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཡེ་མེན་གྱི་ས་གནས་དེ་གའི་དམངས་འགོག་སྡེ་ཁག་གི་གནས་འཕྲིན་ལ་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་28ཉིན་གྱི་ཐོ་རེངས་སུ་ཨ་རིའི་དམག་དཔུང་གིས་ཡེ་མེན་ས་ཏ་ཞིང་ཆེན་གྱི་བཀག་ཉར་ལྟེ་གནས་དང་པོར་མཁའ་རྒོལ་བྱས་པ་དེའི་ཁྲོད་མི་68རྐྱེན་ལམ་དུ་ཤོར་བ་དང་མི་47ལ་རྨས་ཕོག་ཡོད།

མཱ་ཞི་ལ་བརྙན་འཕྲིན་ལས་ཁུངས་ཀྱིས་དེ་སྔོན་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་དེའི་ཐོ་རེངས་སུ་ཨ་རིའི་དམག་དཔུང་གིས་ཡེ་མེན་ས་ཏ་ཞིང་ཆེན་ས་ཏ་གྲོང་ཁྱེར་གྱི་མཐའ་འཁོར་ས་ཁུལ་ལ་འཇབ་རྒོལ་ཐེངས་2བྱས་པ་དང་། ཅའོ་ཧྥུ་ཞིང་ཆེན་ལ་འཇབ་རྒོལ་ཐེངས་4བྱས་པ་རེད།