འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་30ཉིན།

༄༅།།ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆུང་གིས་འཁོར་ལམ་དུ་ལྡེ་མིག་རྩིས་སྤྲོད་རྩིས་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་30ཉིན། 13:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་དོན་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་2025ལོའི་ཟླ་4ཚེས་27ཉིན་ལྷ་གྲུ་ཨང་བཅུ་དགུ་པ་དང་ལྷ་གྲུ་ཨང་ཉི་ཤུ་པའི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆུང་གིས་རྩིས་སྤྲོད་རྩིས་ལེན་མཛད་སྒོ་སྤེལ་ཞིང་ཚོགས་ཆུང་གཉིས་ཀྱིས་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་ལྡེ་མིག་རྩིས་སྤྲོད་བྱས་པ་རེད།

མིག་སྔའི་བར་ལྷ་གྲུ་ཨང་བཅུ་དགུ་པའི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆུང་གིས་གཏན་འཁེལ་བྱས་པའི་ལས་འགན་ཚང་མ་ལེགས་གྲུབ་ཟིན་ནས། ཟླ་4ཚེས་29ཉིན་ལྷ་གྲུ་ཨང་བཅུ་དགུ་པའི་མི་བཞུགས་འཕུར་གྲུར་བསྡད་དེ་ཤར་རླུང་འབབ་ཐང་དུ་ཕྱིར་ལོག་བྱ་རྒྱུ་རེད།

མིག་སྔར་འབབ་ཐང་ཁུལ་དང་ཚོད་ལྟའི་ནང་ཞུགས་པའི་ཁོངས་གཏོགས་ཚང་མས་འཇིག་རྟེན་འཕུར་སྐྱོད་པ་ཕྱིར་ལོག་པར་བསུ་བ་ཞུ་བའི་གྲ་སྒྲིག་ལས་དོན་ཁག་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད།