གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་30ཉིན། 13:46】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདམ་གཞུང་རྫོང་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོའི་ཁང་དམར་དགོན་གྱི་མ་ཎི་ལྷ་ཁང་།
ཟླ་4པའི་ཚེས་27ཉིན། གསར་འགོད་པས་འདམ་གཞུང་རྫོང་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོའི་ཁང་དམར་དགོན་གྱི་མ་ཎི་ལྷ་ཁང་ལ་བཅར་འདྲི་བྱས་པ་ཡིན། མ་ཎི་ལྷ་ཁང་ནི་དགོན་པ་དེའི་སྒྲུབ་ཕུག་ཕུད་པའི་དུས་སྔ་མའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཞིག་ཡིན་ལ། དགོན་པའི་ནང་གི་འཛུགས་སྐྲུན་རྙིང་ཤོས་ཤིག་ཀྱང་ཡིན།
འདམ་གཞུང་རྫོང་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོའི་ཁང་དམར་དགོན་གྱི་མ་ཎི་ལྷ་ཁང་།
འདིར་མི་རྣམས་ཧང་སངས་དགོས་པའི་རྡོ་བརྐོས་གྱང་ཉར་ཚགས་བྱས་ཡོད། རྡོ་བརྐོས་དེ་དག་ད་ལྟའི་བར་དུ་ལོ་ངོ་སུམ་བརྒྱ་ཡི་ལོ་རྒྱུས་ཡོད། མ་ཎི་ལྷ་ཁང་གི་ཕྱི་ཚུལ་སྤྱིར་བཏང་ཡིན་མོད། འོན་ཀྱང་དེའི་ནང་གི་གྱང་ངོས་དྲུག་ལ་རྡོ་བརྐོས་སྦྱར་ཡོད་ཅིང་། ཁྱོན་སྡོམས་དུམ་བུ་1213(གཅིག་ལས་ཆད་མེད་པ་)ཡོད།
འདམ་གཞུང་རྫོང་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོའི་ཁང་དམར་དགོན་གྱི་མ་ཎི་ལྷ་ཁང་།
རྡོ་བརྐོས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དེར་བོད་རྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་གི་ཡི་དམ་དང་། བླ་མ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་ཚུད་ཡོད་ལ། བཟོ་ལྟ་སྣ་མང་དང་ཐིག་རིས་གསལ་པོར་སྣང་། རྡོ་བརྐོས་འདིས་བོད་ཀྱི་སྲོལ་རྒྱུན་རྡོ་བརྐོས་དང་བོད་རྒྱུད་ནང་བསྟན་དང་ལོ་རྒྱུས་བཅས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན།