འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་29ཉིན།

༄༅།།རླངས་འཁོར་ཉོ་བའི་ཐད་གཏམ་བཟང་ཞིག་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་29ཉིན། 15:27】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཁྲེང་ཞིན་གྱིས་ཟླ་4ཚེས་28ཉིན་རྒྱལ་ཁབ་གསར་སྤེལ་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་འཛད་སྤྱོད་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་མ་ཟད། ཁྱབ་ཁོངས་ཁག་གི་ཆེད་དོན་བྱ་ཐབས་དུས་ཚོད་དམ་འཛིན་གྱིས་འདོན་རྒྱུ་ཡིན་ལ་ཉོ་སྒྲུབ་ཚོད་འཛིན་གྲོང་ཁྱེར་གྱིས་ཡུན་རིང་ཨང་རྟགས་རེ་ཞུས་ཁྱིམ་ཚང་དང་། རླངས་འཁོར་མེད་པའི་ཁྱིམ་ཚང་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ནས། རླངས་འཁོར་ཉོ་བའི་དམིགས་ཚད་འཕར་འགྲེམས་བྱ་རྒྱུར་མཛུབ་ཁྲིད་ཀྱང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།