གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་29ཉིན། 15:26】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་28ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། ལས་ཞུགས་བརྟན་པོ་དང་དཔལ་འབྱོར་བརྟན་པོ་ཡོང་བར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ཀྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས་པ་རེད།
ནང་མཁོ་རྒྱ་ཆེར་གཏོང་རྒྱུའི་ཐད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲའོ་ཁྲེང་ཞིན་གྱིས་ནང་མཁོའི་སྒུལ་ཤུགས་གཙོ་བོའི་ནུས་པ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་དང་། ཞིབ་ཕྲའི་བསམ་ཕྱོགས་དང་བྱ་ཐབས་ཀྱང་ཁ་གསལ་བཟོས་ཟིན། དེ་ནི་ཡོང་འབབ་དམའ་འབྲིང་ཚོགས་སྤྱིའི་ཡོང་འབབ་མཐོ་རུ་གཏོང་བ་དང་འཛད་སྤྱོད་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ནུས་ལྡན་གྱི་དངུལ་འཇོག་རྒྱ་ཆེར་བཏང་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་གཏོང་རྒྱུ་དེ་ཡིན་ཞེས་བཤད་པ་རེད།
གོམ་སྟབས་རྗེས་མར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཕྲུ་གུ་གསོ་སྐྱོང་གི་ཁ་གསབ་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱས་ཏེ། ཆེད་དོན་དངུལ་བུན་བསྐྱར་གཏོང་ཡོ་བྱད་གསར་འཛུགས་བྱས་ནས། ཞབས་ཞུའི་འཛད་སྤྱོད་དང་རྒན་གསོའི་ཐོན་ལས་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།