འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་29ཉིན།

༄༅།།ཁོ་རེ་ཡ་བྱང་མས་ཨུ་རུ་སུར་དམག་མངཊ་པའི་ཐད་བཤད་དོན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་29ཉིན། 15:25】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་ཚེས་28ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

གསར་འགོད་པ་ཞིག་གིས་དྲིས་དོན། ཁོ་རེ་ཡ་བྱང་མས་ཨུ་རུ་སུའི་ཁུའུ་ཨར་སི་ཁེ་ས་ཁུལ་ལ་དམག་མི་མངགས་པའི་དོན་དངོས་ཁོ་རེ་ཡ་བྱང་མ་དང་ཨུ་རུ་སུས་དངོས་སུ་ཁས་བླངས་པ་རེད། ཁོ་རེ་ཡ་བྱང་མས་ད་རེས་དམག་མི་མངགས་དོན་ནི་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་ཀྱི་ཆོད་དོན་དང་རྒྱལ་ཁབ་གཉིས་པོའི་《ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆིངས་ཡིག་》གཞིར་བཟུང་བ་མ་ཟད། ཁོ་རེ་ཡ་བྱང་མའི་དམག་མི་ཤི་རྨས་བྱུང་ཡོད་ཅེས་བཤད་པ་རེད། ཀྲུང་གོའི་ཕྱོགས་ནས་བལྟས་ན་ཁོ་རེ་ཡ་བྱང་མས་དམག་མི་མངགས་པས་ཡུག་རེན་གྱི་ཉེན་ཁ་ཐག་གཅོད་བྱེད་པར་ཕན་པ་ཡོད་དམ་ཞེས་དྲིས།

གོ་ཅ་ཁུན་གྱིས། ཨུ་རུ་སུ་དང་ཁོ་རེ་ཡ་བྱང་མ་ཕྱོགས་གཉིས་བར་འགྲོ་འོང་བྱེད་པའི་སྐོར་ང་ཚོས་ལངས་ཕྱོགས་གསལ་བཤད་ཐེངས་མང་བྱས་ཡོད། ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་ཀྲུང་གོའི་ཕྱོགས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན་ཞེས་བཤད།