འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་29ཉིན།

༄༅།།ཀོང་ཀྲོའུ་ཚོང་འདུས་སྐབས་137པར་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི་22ལྷག་ཙམ་ཞུགས་ནས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་29ཉིན། 13:53】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀོང་ཀྲོའུ་ཚོང་འདུས་སྐབས་137པའི་དུས་ཐེངས་གཉིས་པ་ཟླ་4ཚེས་27ཉིན་མཇུག་འགྲིལ་བ་རེད། ཀོང་ཀྲོའུ་ཚོང་འདུས་སྒྲུབ་འགན་འཁུར་མཁན་ཀྲུང་གོ་ཕྱི་ཕྱོགས་ཚོང་དོན་ལྟེ་གནས་ཀྱི་ཆ་འཕྲིན་ལས་མངོན་པར། ཚེས་27ཉིན་བར་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་219ནས་ཡོང་བའི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་224372ཞུགས་ནས་དུས་མཚུངས་ཀྱི་ལོ་རྒྱུས་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཟླ་4ཚེས་15ཉིན་འགོ་ཚུགས་པ་དང་དུས་ཐེངས་གསུམ་པོ་དེ“སྔོན་ཐོན་བཟོ་སྐྲུན”དང་། “སྤུས་ལེགས་ཁྱིམ་ཆས” “མཛེས་སྡུག་ལྡན་པའི་འཚོ་བ”བཅས་བརྗོད་དོན་གཙོ་བོར་བྱས་ཡོད། དུས་ཐེངས་གཉིས་པའི“སྤུས་ལེགས་ཁྱིམ་ཆས”ཀྱི་དྲ་ཕྱིའི་འགྲེམས་སྟོན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་51.5དང་། འགྲེམས་གནས་24735 འགྲེམས་ཞུགས་ཁེ་ལས་10313ཟིན་ནས་སྐབས་གོང་མ་ལས་273གྱིས་མང་དུ་ཕྱིན་པ་དང་། ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་ཆུང་གྲས་དང་། བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོ། རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་སོགས་སྤུས་ལེགས་ཁྱད་ལྡན་གྱི་འགྲེམས་ཞུགས་ཁེ་ལས་2400ལྷག་ཙམ་ཟིན་ནས་སྐབས་གོང་མ་ལས་100ཡིས་མང་དུ་ཕྱིན་ཡོད་པ་རེད།

ཀྲུང་གོ་ཕྱི་ཕྱོགས་ཚོང་དོན་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཀོང་ཀྲོའུ་ཚོང་འདུས་སྐབས་137པའི་དུས་ཐེངས་གཉིས་པས“ཁྱིམ་ཆས་ཆེན་པོའི”རྣམ་པ་དེ་བས་མངོན་པར་བྱས་ཏེ་འགྲེམས་སྟོན་ནང་ཁྱིམ་སྤྱོད་ཡོ་ཆས་དང་། ལག་རྟགས་དང་རྒྱན་ཆ། ཨར་ལས་རྒྱུ་ཆ། ཁྱིམ་ཆས་བཅས་ཁྱོན་གླིང་ཆེན་པོ་3དང་འགྲེམས་ཁུལ་15ཚུད་ཡོད་པས་འཛད་སྤྱོད་རིམ་སྤོར་དང་དེ་བཞིན་མཛེས་སྡུག་ལྡན་པའི་འཚོ་བར་མཁོ་བའི་མང་ཚོགས་ཀྱི་དགོས་མཁོ་དང་དེ་བས་འཚམ་ཡོད་ལ། གོ་ལ་ཧྲིལ་པོའི་ཚོང་པས་ཁྱིམ་ཆས་ཐོན་རྫས་རྩེ་གྲ་ཉོ་སྒྲུབ་ཀྱི་དགོས་མཁོ་ཡང་དེ་བས་བསྐངས་ཡོད་ཅེས་བཤད།