གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་28ཉིན། 15:37】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཀྲུང་གོའི་མཚོ་ཐོག་ཉེན་རྟོག་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ལིའུ་ཏེ་ཅུན་གྱིས། ཟླ་4ཚེས་27ཉིན་ཧྥི་ལི་ཕིན་གྱི་མི་6གིས་ཀྲུང་གོ་ཕྱོགས་ཀྱི་ཐ་ཚིག་སྒྲོག་པ་དང་བཀག་སྡོམ་བསླབ་བྱར་མ་འཛེམ་པར་ཁྲིམས་འགལ་ངང་ཐའེ་ཞན་བྲག་རྡོའི་ཐོག་འཛེགས་ནས་བྱེད་སྒོ་སྤེལ་བ་དང་། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་ཁྲིམས་བསྟར་མི་སྣ་ཁྲིམས་ལྟར་བྲག་རྡོའི་ཐོག་འཛེགས་པ་མ་ཟད་ཞིབ་བཤེར་ཐག་གཅོད་ཀྱང་བྱས་པ་རེད། ཀྲུང་གོར་ཐའེ་ཞན་བྲག་རྡོ་ཚུད་པའི་ནན་ཧྲ་གླིང་ཚོམ་དང་དེའི་ཉེ་འགྲམ་གྱི་མཚོ་ཁོངས་ལ་རྩོད་ཐབས་མེད་པའི་བདག་དབང་ཡོད། ཧྥི་ཕྱོགས་ཀྱི་བྱ་སྤྱོད་ཀྱིས་ཀྲུང་གོ་ཕྱོགས་ཀྱི་མངའ་ཁོངས་བདག་དབང་ལ་བཙན་གནོད་བྱས་པ་དང་། 《ལྷོ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ》ལས་འགལ་ནས་ལྷོ་མཚོའི་ཞི་བདེ་བརྟན་བརླིང་ལ་གཏོར་བཤིག་བཏང་ཡོད། ང་ཚོས་ཧྥི་ཕྱོགས་ལ་མྱུར་དུ་དབང་གནོད་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་ཁྲིམས་ལྟར་ཀྲུང་གོའི་མངའ་ཁོངས་སུ་གཏོགས་པའི་མཚོ་ཁོངས་སུ་ཁེ་དབང་སྲུང་སྐྱོང་གི་ཁྲིམས་བསྟར་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་བསྟན།