གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་28ཉིན། 15:35】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཨེ་ཅིབ་བདེ་འཇགས་སྡེ་ཁག་གི་གསར་འགྱུར་མི་སྣས་ཚེས་26ཉིན་ཞིན་ཧྭ་གསར་འགྱུར་ཁང་ལ་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་(ཧ་མ་སི་)ཡི་མཐོ་རིམ་དཔོན་རིགས་ཧ་ལི་ལེ་·ཧ་ཡ་ཡིས་སྣེ་ཁྲིད་པའི་ཧ་མ་སིའི་འཐུས་ཚབ་ཚོགས་པས་ཉིན་དེར་ཨེ་ཅིབ་ཀྱི་ཁའེ་ལོར་འཚོགས་པའི་གྲོས་མོལ་ཁྲོད་དབྱི་སི་རལ་ཕྱོགས་ཀྱི་བཀག་ཉར་མི་སྣ་ལྷག་མ་ཚང་མ་གློད་གྲོལ་གཏོང་བར་འཐད་པ་བྱུང་ནས་ལོ་ལྔ་རིང་དམག་མཚམས་འཇོག་པའི་རིན་དོད་དུ་བྱས།
ཕ་ལེ་སི་ཐན་ཀཱ་ཟ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས་26ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལ་གཞིགས་ན། ཟླ་3ཚེས་18ཉིན་ནས་བཟུང་། དམག་དཔུང་གིས་ཀཱ་ཟ་ས་ཁུལ་གྱི་ས་ཆ་མང་པོར་འཇབ་རྒོལ་བྱས་པའི་ཁྲོད་ཉུང་མཐར་ཡང་མི་2111ཤི་བ་དང་མི་5483ལ་རྨས་ཕོག་ཡོད། འདས་ཟིན་པའི་ཆུ་ཚོད་24ཁོ་ནའི་ནང་དབྱི་སི་རལ་དམག་དཔུང་གིས་འཇབ་རྒོལ་བྱས་པའི་ཁྲོད་ཉུང་མཐར་ཡང་མི་49རྐྱེན་ལམ་དུ་ཤོར་བ་དང་མི་108ལ་རྨས་ཕོག་ཡོད།