འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་28ཉིན།

༄༅།།འདིར་བསྐྱོད་མི་ཆོག་པའི་ཐ་ཚིག་བསྒྲགས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་28ཉིན། 15:33】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཀྲུང་གོའི་མཚོ་དོན་ཅུས་ཀྱི་དྲ་ཚིགས་ཀྱི་གནས་འཕྲིན་ལ་གཞིགས་ན། ཏ་ལེན་མཚོ་དོན་ཅུས་ཀྱིས་མཚོ་འགྲུལ་ཉེན་བརྡ་བཏང་ནས། ཟླ་4ཚེས་27ཉིན་གྱི་ཆུ་ཚོད་16ནས་ཟླ་5ཚེས་11ཉིན་གྱི་ཆུ་ཚོད་16བར། པོ་ཧའེ་རྒྱ་མཚོའི་མཚོ་འགག་དང་རྒྱ་མཚོ་སེར་པོའི་བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ལས་འགན་སྒྲུབ་རྒྱུ་ཡིན་པས་དེར་བསྐྱོད་མི་ཆོག