གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་28ཉིན། 15:33】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཕ་ཁི་སི་ཐན་དམག་གསུམ་གསར་འགྱུར་ཅུས་ཀྱིས་ཚེས་27ཉིན་གསལ་བསྒྲགས་སྤེལ་ནས། ཕ་ཁི་སི་ཐན་བདེ་འཇགས་དཔུང་སྡེ་ཡིས་འདས་ཟིན་པའི་ཞག་མ་གཉིས་ནང་ཨ་ཧྥུ་ཀ་ནི་སི་ཐན་ནས་ཕ་ཁི་སི་ཐན་མངའ་ཁོངས་སུ་འཛུལ་རྩིས་བྱེད་མཁན་འཇིགས་སྐུལ་པ་54བསད་པ་རེད།
གསལ་བསྒྲགས་ནང་འཁོད་དོན། འཇིགས་སྐུལ་པས་ཚེས་25ཉིན་དང་ཚེས་26ཉིན་གྱི་དགོང་མོར། ཕ་ཁི་སི་ཐན་བྱང་རྒྱུད་ཀྱི་ཁའེ་པོར་ཕུའུ་ཧྲི་ཐུའུ་ཞིང་ཆེན་པེ་ཝ་ཅི་ལི་སི་ཐན་ས་ཁུལ་གྱི་ཕ་ཨ་མཐའ་མཚམས་རྒྱུད་ནས་ཕ་ཁི་སི་ཐན་དུ་བསྐྱོད་རྩིས་བྱས། དམག་འཐབ་ཛ་དྲག་བྱས་པ་བརྒྱུད། ཕ་ཁི་སི་ཐན་བདེ་འཇགས་དཔུང་སྡེ་ཡིས་འཇིགས་སྐུལ་པ་དེ་དག་མཐའ་ནས་བསྐོར་བ་དང་འབྲེལ་རྩ་མེད་དུ་བཏང་བ་དང་། ཡུལ་དངོས་སུ་མཚོན་ཆ་དང་རྫས་མདེལ་དང་འགད་རྫས་སོགས་བླངས་པ་རེད།
གསལ་བསྒྲགས་ནང་བསྟན་དོན། འདི་ནི་ཕ་ཁི་སི་ཐན་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ་བ་ནས་བཟུང་། ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་དམག་འཐབ་ཐེངས་གཅིག་ལ་འཇིགས་སྐུལ་རིང་ལུགས་པ་བསད་པ་ཆེས་མང་བའི་བྱ་འགུལ་ཞིག་ཡིན།