འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་28ཉིན།

༄༅།།ས་ཆ་འདི་དག་ལ་ས་གཤིས་གནོད་འཚེ་འབྱུང་བའི་ཉེན་བརྡ་བཏང་། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་28ཉིན། 15:30】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

རང་བྱུང་ཐོན་ཁུངས་པུའུ་དང་ཀྲུང་གོའི་གནམ་གཤིས་ཅུས་ཀྱིས་ཟླ་4ཚེས་27ཉིན་གྱི་ཆུ་ཚོད་18ཐོག་མཉམ་འབྲེལ་ཐོག་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཟོན་སྔོན་བརྡ་བཏང་བ་སྟེ།

སྔོན་དཔག་བྱས་ན། ཟླ་4ཚེས་27ཉིན་གྱི་ཆུ་ཚོད་20ནས་ཚེས་28ཉིན་གྱི་ཆུ་ཚོད་20བར། ཡུན་ནན་གྱི་ནུབ་བྱང་རྒྱུད་དང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ས་གཤིས་གནོད་འཚེ་ཐོན་པའི་གནམ་གཤིས་ཀྱི་ཉེན་ཁ་ཆེ་ཙམ་ཡོད་པ་རེད། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འཕྲལ་བསྟུན་སྔོན་ཇུས་གཞིར་བཟུང་། ས་གཤིས་གནོད་འཚེ་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་དགོས། སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཟོན་སྔོན་བརྡའི་ཆ་འཕྲིན་ལ་དུས་ཐོག་ཏུ་དོ་ཁུར་བྱས་ཏེ་ས་གཤིས་གནོད་འཚེའི་ཉེན་ཟོན་སྔོན་བརྡའི་ས་ཁོངས་སུ་བསྐྱོད་པར་གཟབ་དགོས། སྔོན་ཚུད་ཉེན་བརྡ་གཏོང་ཁུལ་སེར་པོའི་ནང་གི་མི་སྣས་དུས་དང་རྣམ་པ་ཀུན་ཏུ་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་གྱི་འགྱུར་ལྡོག་ལ་དོ་སྣང་དང་། ཉེ་འགྲམ་གྱི་ཉེན་བརྡའི་མཚོན་རྟགས་ལ་དོ་སྣང་བྱས་ཏེ་ལུང་ཤུར་དང་། གཟར་ངོས། གཡང་གཟར(འགག་སྒོ)སོགས་ཉེན་ཁ་ཆེ་བའི་ས་ཁུལ་དུ་གནས་སྐབས་སྡོད་མི་རུང་།