འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་28ཉིན།

༄༅།།བོད་སྐད་གློག་བརྙན་འདི་ལ་བྱ་དགའ་ཐོབ་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་28ཉིན། 14:46】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་4ཚེས་27ཉིན་གྱི་དགོང་མོར་སྐབས་ཉི་ཤུ་པའི་ཀྲུང་གོའི་གློག་བརྙན་ཧྭ་པུའོ་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག ཀྲུང་གོའི་མཛེས་རྩལ་སློབ་གླིང་གློག་བརྙན་སློབ་གླིང་གི་ཚེ་འདས་དགེ་རྒན་ཆེ་མོ་བ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་《གསའ》ལ་གྲངས་ཉུང་མི་རིགས་བརྗོད་བྱའི་ཕུལ་བྱུང་གློག་བརྙན་བྱ་དགའ་ཐོབ།

     མཚོ་བོད་ས་མཐོ་ནས་ཧྭ་པའོ་བྱ་དགའ་སྟེགས་བུའི་བར།《གསའ》ཡིས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཀྱིས་ལྟད་མོ་བ་དང་དཔྱད་འདེམས་པ་རྣམས་ཀྱི་ཡིད་དབང་བཀུག་ཡོད།

    བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག ཞུང་ཙི་ཆི་དང་། བློ་བཟང་ཆོས་འཕེལ། དབང་སྒྲོན་མཚོ་སོགས་འཁྲབ་སྟོན་ཚོགས་ཆུང་གི་མི་སྣ་གཙོ་བོ་འགའ་ཡུལ་དངོས་སུ་མཉམ་འཛོམས་བྱས་པ་དང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བུ་འཇིགས་མེད་འཕྲིན་ལས་ཀྱིས་ཕ་ཡི་ཚབ་ཏུ་བྱ་དགའ་བླངས་པ་རེད།

    བྱ་དགའི་སྟེགས་བུའི་ཐོག ཁོང་གིས་“《གསའ་》ནི་ངའི་ཨ་ཕའི་བོད་སྐད་ཀྱི་གློག་བརྙན་བརྒྱད་པ་དང་། ཁོང་ལ་ཧྭ་པུའོ་བྱ་དགའི་མིང་འདོན་བྱས་ཐེངས་དང་པོ་ཡིན་ལ། ཧྭ་པུའོ་བྱ་དགའི་མཚན་སྙན་ཐོབ་ཐེངས་དང་པོ་ཡང་ཡིན་པས། ང་ཚོར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཁས་ལེན་དང་མཚན་སྙན་འདི་ཐོབ་པ་ཅུང་འཕྱི་འདུག་ཀྱང་། ཁས་ལེན་དང་མཚན་སྙན་འདི་ཨ་ཕས་ངེས་པར་དུ་མཐོང་སྲིད་པ་དང་ཁོང་ལ་མཚོན་ན་སེམས་གསོ་ཞིག་ཡིན་པ་ང་ལ་ཡིད་ཆེས་ཟབ་མོ་ཡོད་”ཅེས་བཤད།

    《གསའ་》ལ་བྱ་དགའ་ཐོབ་པ་དེ་ནི་ཀྲུང་གོའི་གློག་བརྙན་ཧྭ་པུའོ་བྱ་དགའ་ཡིས་གྲངས་ཉུང་མི་རིགས་ཀྱི་གསར་རྩོམ་པས་རང་ཡུལ་གྱི་གཏམ་རྒྱུད་ལེགས་པར་བརྗོད་པར་སྐུལ་ལྕག་བྱས་པ་ཞིག་ཡིན་ལ། གོ་ལ་ཧྲིལ་པོའི་སྐད་ཆའི་ཁོར་ཡུག་འོག་སྐྱེ་ཁམས་དང་ཤེས་རིག་ལ་བསམ་གཞིགས་གཏིང་ཟབ་བྱས་པ་ཞིག་ཀྱང་ཡིན།