འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་28ཉིན།

༄༅།།ཐེ་རོན་ཕུ་ལ་རྒྱབ་སྐྱོར་བྱེད་ཚད་ཀྱིས་ཙུང་ཐུང་རིམ་བྱུང་གི་དམའ་ཤོས་ཟིན། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་28ཉིན། 14:44】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཨ་རིའི་སྨྱན་སྦྱོར་གྱི་གནས་འཕྲིན་ཕྱོགས་བསྡུས་བྱས་ན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡི་འགན་འཁུར་ཡུན་གཉིས་པའི་སྲིད་འཛིན་ཉིན་བརྒྱ་ལོན་པའི་སྐབས་སུ། ཨ་རིའི་རླུང་འཕྲིན་ཀུང་སི་དང《ཝ་ཧྲིན་ཏོན་སྦྲག་ཚགས》དེ་བཞིན་དབྱི་ཕུའུ་སུའོ་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བའི་དམངས་འདོད་བརྟག་དཔྱད་གསར་ཤོས་ཤིག་ལས་མངོན་པར། ཐེ་རོན་ཕུ་ཡི་སྲིད་འཛིན་ཉིན་བརྒྱ་རིང་གི་རྒྱབ་སྐྱོར་བྱེད་ཚད་39%ཡིན་པ་རེད། གྲངས་ཀ་དེ་ཟླ་2པ་ལས་བརྒྱ་ཆའི་གྲངས་6ཆག་པ་མ་ཟད། འདས་ཟིན་པའི་ལོ་80རིང་གི་ཨ་རིའི་ཙུང་ཐུང་རིམ་བྱུང་གི་སྲིད་འཛིན་ཉིན་བརྒྱའི་རིང་གི་རྒྱབ་སྐྱོར་བྱེད་ཚད་དམའ་ཤོས་ཀྱི་ཟིན་ཐོ་བཏོད་ཡོད་པ་རེད།