གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་28ཉིན། 14:43】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། ས་ཁུལ་ཁག་གཅིག་ཏུ་ཐན་སྐྱོན་བྱུང་སྟེ་དཔྱིད་འདེབས་ལ་ཤུགས་རྐྱེན་ངན་པ་ཐེབས་པར་དམིགས་ནས། ཉེ་ཆར་ནོར་སྲིད་པུའུ་ཡིས་ཞིང་ལས་དང་གྲོང་གསེབ་པུའུ་དང་མཉམ་དུ་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་གནོད་འགོག་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་3.76གཤམ་ལ་སྤྲད་དེ། ཧྲན་ཞི་དང་། ཅང་སུའུ་། ཨན་ཧུའེ། ཧོ་ནན། ཀོང་ཞི། ཧྲའན་ཞི་སོགས་ཞིང་ཆེན་དྲུག་(རང་སྐྱོང་ལྗོངས་)གི་ཐན་འགོག་གེགས་སེལ་སོགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོར་བསྒྲུབ་པར་རྒྱབ་སྐྱོར་བྱས་ཏེ། འབྲེལ་ཡོད་ས་ཁུལ་དུ་ལུད་གཏོར་མྱུ་གུ་སྲུང་སྐྱོབ་དང་། ཆུ་གཏོང་བརླན་གསབ། ཞིང་ལས་ལོ་ཏོག་བསྒྱུར་འདེབས་གསབ་འདེབས་སོགས་པའི་ཞིང་ལས་ཐོན་སྐྱེད་ཀྱི་ཐན་འགོག་གནོད་འགོག་གེགས་སེལ་བྱེད་པར་གཙོ་གནད་དུ་ཁ་གསབ་འཚམ་པོར་བྱས་ཏེ། གནོད་འཚེའི་ཤུགས་རྐྱེན་ཆུང་དུ་གཏོང་རོགས་བྱས་ནས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་མང་དུ་གཏོང་བར་སྐུལ་འདེད་ཀྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས་ཡོད།