འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་28ཉིན།

༄༅།།མི་13671ལ་ཆད་པ་བཅད་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་28ཉིན། 14:43】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་4ཚེས་27ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས་2025ལོའི་ཟླ་3པར་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་ཕྱོགས་བསྡོམས་བྱས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ཟླ་དེར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཁྱོན་16994ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་22547ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པ་དེའི་ནང་། ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་མི་13671ཡོད། འདི་ནི་བསྟུད་མར་ཟླ་བ་139པའི་ཟླ་རེའི་སྙན་ཞུའི་གཞི་གྲངས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་རེད།

    ཞིབ་བཤེར་ཐག་གཅོད་བྱེད་པའི་གནད་དོན་གྱི་རིགས་ལ་བལྟས་ན། འགན་འཁྲི་བསྒྲུབས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཐད་འགན་འཁུར་མི་ཁུར་བ་དང་། བྱ་བ་མ་བསྒྲུབས་པ། བྱ་བ་གང་བྱུང་དུ་བསྒྲུབས་པ། བྱ་སྤྱོད་རྫུན་མ་བཅས་སྤེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པའི་ཐད་ཟླ་3པར་ཁྱོན་བསྡོམས་གནད་དོན་7750ཞིབ་བཤེར་ཐག་གཅོད་བྱས་པ་དེས། ཟླ་བ་དེར་ཞིབ་བཤེར་ཐག་གཅོད་བྱས་པའི་རྣམ་པ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བསྡོམས་འབོར་གྱི་88.2%ཟིན་ཡོད།

    ཟླ་3པར་ཞིབ་བཤེར་ཐག་གཅོད་བྱས་པའི་རིན་གོང་མཐོ་བའི་དམིགས་བསལ་ཐོན་རྫས་དང་ལག་རྟགས་དང་ཕྱག་དངུལ་སྒྲིག་སྲོལ་དང་འགལ་ནས་སྤྲོད་ལེན་བྱས་པ་དང་། སྒྲིག་སྲོལ་ལས་འགལ་ཏེ་ཟ་འཐུང་བྱས་པ། ཁ་གསབ་སྤྲད་པའམ་ཕན་བདེ་སྤྲད་པའི་གནད་དོན་རིགས་གསུམ་པོས་སོ་སོར་ཟླ་དེར་ཞིབ་བཤེར་ཐག་གཅོད་བྱས་པའི་སྤྲོ་སྣང་རིང་ལུགས་དང་རྒྱས་སྤྲོས་གནད་དོན་གྱི་54.6%དང་། 20.5% 12.3%བཅས་ཟིན་ཡོད།

    ཞིབ་བཤེར་ཐག་གཅོད་བྱེད་རིམ་ཐད་ནས་བལྟས་ན། ཟླ་3པར་རྒྱལ་ཡོངས་སུ་ས་གནས་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་ཁྱོན་བསྡོམས་78དང་། རྫོང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་1024ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཤང་དང་ཁོའོ་རིམ་པ་དང་དེ་བཞིན་དེ་མན་གྱི་ལས་བྱེད་པའི་གནད་དོན་15892ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    དེའི་ནང་ཤང་དང་ཁོའོ་རིམ་པ་དང་དེ་བཞིན་དེ་མན་གྱི་ལས་བྱེད་པའི་གནད་དོན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་བསྡོམས་འབོར་གྱི་93.5%ཟིན་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་འཁྱོངས་ཧུར་ཐག་བྱས་ཏེ། ནན་པོ་མཐའ་འཁྱོལ་ཏེ་“སྤྱོད་ཚུལ་བཞི་”ཡོ་བསྲང་དང་བཅོས་སྐྱོང་བྱས་ཏེ། རུལ་སུངས་མཉམ་བཤེར་མཉམ་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རུལ་སུངས་མཉམ་འདྲེས་ཀྱི་གནད་དོན་ལ་ཆད་པ་ནན་པོ་གཅོད་པ་དང་། རུལ་སུངས་ཀྱི་ཐུན་མོང་རང་བཞིན་གྱི་འབྱུང་རྩ་མེད་པར་བཟོ་དགོས། ཞིབ་བཤེར་དང་བཅོས་སྐྱོང་ལ་བརྟེན་ནས་རུལ་སུངས་འགྱུར་ལྡོག་ཡོང་བར་བྱེད་པ་དང་བཀག་འགོག་བྱེད་དགོས།