འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་28ཉིན།

༄༅།།སྡོད་ཁང་ཐད་ཀྱི་གནས་ཚུལ་གསར་ཤོས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་27ཉིན། 16:30】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཚེས་25ཉིན་གྱི་དགོང་མོར་སྡོད་ཁང་དཀྱུས་མ་དང་སྡོད་ཁང་དཀྱུས་མ་མིན་པའི་ཚད་གཞི་མེད་པར་བཟོ་རྒྱུའི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཐོ་བཏང་ནས། ཞིང་ཆེན་དེས་སྡོད་ཁང་དཀྱུས་མ་དང་སྡོད་ཁང་དཀྱུས་མ་མིན་པའི་ཚད་གཞི་གཅིག་གྱུར་ཐོག་མེད་པར་བཟོ་རྒྱུ་རེད། བརྡ་ཐོ་དེའི་ནང་གཙོ་བོ་སྲིད་ཇུས་གཉིས་ཁ་གསལ་བཟོས་ཡོད་པ་སྟེ། གཅིག་ནི་སི་ཁྲོན་གྱིས་སྡོད་ཁང་དཀྱུས་མ་དང་སྡོད་ཁང་དཀྱུས་མ་མིན་པའི་ཚད་གཞི་གཅིག་གྱུར་གྱིས་མེད་པར་བཟོ་རྒྱུ་དང་། གཉིས་ནི་ས་ཞིང་གི་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུའི་སྲིད་ཇུས་ཁྱབ་བསྒྲགས་བྱས་ཡོད།

བརྡ་ཐོའི་ནང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆའི་གནས་ཐང་འཕར་ཁྲལ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག》དང་། དེའི་ལག་བསྟར་ཞིབ་སྲོལ་གྱི་གཏན་འབེབས་གཞིར་བཟུང་། ཁྲལ་འཇལ་མཁན་གྱིས་གཤམ་གསལ་གྱི་ཆ་རྐྱེན་གསུམ་འཛོམས་པའི་ཚད་ལྡན་གྱི་སྡོད་ཁང་དཀྱུས་མ་བསྐྲུན་པའམ་བཙོངས་པ་དང་། གནས་ཐང་འཕར་བའི་དངུལ་འབོར་དེ་འཐེན་བྱའི་རྣམ་གྲངས་ཀྱི་དངུལ་འབོར་གྱི་20%ལས་བརྒལ་མེད་ཚེ། མུ་མཐུད་ས་ཆའི་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུ་སྟེ།

(གཅིག) སྡོད་ཁང་གཞིས་ཁུལ་གྱི་ཨར་སྐྲུན་ཤོང་ཚད་1.0ཡན་ཟིན་པ་དང་།

(གཉིས) ཨར་ལས་ཆ་ཚང་རྐྱང་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་140མན་ཡིན་པ།

(གསུམ) དངོས་སུ་ཚོང་འགྲིག་པའི་རིན་གོང་དེ་རིམ་པ་གཅིག་མཚུངས་ཀྱི་ས་ཆའི་ཐོག་སྡོད་ཁང་གི་ཆ་སྙོམས་ཉོ་ཚོང་རིན་གོང་ལས་ལྡབ་1.2མན་དམའ་བ་ཡིན་དགོས།

བརྡ་ཐོའི་ནང་འཁོད་དོན། སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར(ཁུལ)ཁག་གིས་དེ་གོང་སྒྲིག་སྲོལ་ལྟར་གཏན་འཁེལ་བྱས་པའི་ཆ་རྐྱེན་དང་བརྡ་ཐོ་འདི་གཉིས་གཅིག་མཐུན་མ་བྱུང་ཚེ། གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གིས་མུ་མཐུད་ལག་བསྟར་བྱེད་མིན་གཏན་འཁེལ་བྱེད་དགོས། དངོས་གནས་མུ་མཐུད་དུ་ལག་བསྟར་བྱ་དགོས་རིགས། གྲོང་ཁྱེར(ཁུལ)མི་དམངས་སྲིད་གཞུང་གིས་ནོར་སྲིད་ཐིང་དང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་། སི་ཁྲོན་ཞིང་ཆེན་ཁྲལ་དོན་ཅུས་བཅས་ལ་ཡར་ཞུ་བྱ་དགོས།

བརྡ་ཐོ་འདི་དཔར་འགྲེམ་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། གོ་ཆོད་པའི་དུས་ཡུན་ནི་2029ལོའི་ཟླ་12ཚེས་31ཉིན་བར་ཡིན། 2025ལོའི་ཟླ་1ཚེས་1ཉིན་ནས་བརྡ་ཐོ་འདི་ལག་བསྟར་མ་བྱས་གོང་གི་སྡོད་ཁང་དཀྱུས་མ་དང་སྡོད་ཁང་དཀྱུས་མ་མིན་པའི་ཚད་གཞི་མེད་པར་བཟོ་རྒྱུའི་འབྲེལ་ཡོད་དོན་དག་བརྡ་ཐོ་འདི་ལྟར་ལག་བསྟར་བྱ་རྒྱུ།