འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་28ཉིན།

༄༅།།ས་ཆ་མང་པོས་བྱ་དགའི་དངུལ་འདི་སྤྲོད་རྒྱུའི་ཁྱབ་བསྒྲཊ་བྱས། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་27ཉིན། 16:16】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ལོ་ཚོད་རན་པར་གཉེན་སྒྲིག་དང་ཕྲུ་གུ་སྐྱེ་རྒྱུ་དར་སྤེལ་ཤུགས་ཆེན་བཏང་བ་དང་། ཉེ་ལམ་ས་གནས་ཁ་ཤས་ཀྱིས་གཉེན་སྒྲིག་ལ་བྱ་དགའ་སྤྲོད་འགོ་ཚུགས། ཀོང་ཀྲོའུ་གྲོང་ཁྱེར་པའེ་ཡུན་ཆུས་ལུང་ཀའེ་ནན་ལིན་གྲོང་ཚོས་ཉིན་ཤས་གོང་ཚོད་ལྟའི་ལག་བསྟར་ཇུས་གཞི་བཏོན་ནས། ཕྱོགས་གཉིས་ཀའམ་ཡང་ན་ཕྱོགས་གཅིག་གྲོང་ཚོ་དེ་གའི་ཐེམ་ཐོའི་མ་རྐང་འཇོག་མཁན་གྱི་ཁོངས་མི་ཡིན་པའི་གཉེན་སྒྲིག་ཐོག་མའི་ཁྱོ་ཤུག་གིས་བྱ་དགའི་དངུལ་སྒོར་ཁྲི་4ལེན་རེ་ཞུས་ཆོག་པར་བྱས།

ཧྲན་ཞི་ཞིང་ཆེན་ལུའི་ལིའང་གྲོང་ཁྱེར་དུ་2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལུའི་ལིའང་གྲོང་ཁྱེར་དུ་གཉེན་སྒྲིག་ཐོ་འགོད་(ཕྱོགས་གཉིས་ཀ་ཐོག་མར་ཐོ་འགོད་བྱས་པ་)བྱས་པ་མ་ཟད། བུད་མེད་ལོ་ན་35དང་དེའི་མན་གྱི་བཟའ་ཟླར་བྱ་དགའ་སྒོར་1500སྤྲད་པ་རེད། ཀྲེ་ཅང་གིས་དཔར་འགྲེམས་བྱས་པའི་བརྡ་ཐོའི་ནང་། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་ཆ་རྐྱེན་འཛོམས་པའི་གཉེན་སྒྲིག་ཐོ་འགོད་བྱ་ཡུལ་ལ་གཉེན་སྒྲིག་གི་ཤོག་ཆག་དང་འཛད་སྤྱོད་འཛིན་ཤོག་སོགས་སྤྲོད་རྒྱུར་སྐུལ་མ་གཏོང་དགོས་ཞེས་བཏོན་ཡོད།