འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་27ཉིན།

༄༅།།ཐེ་རོན་ཕུ་ཡིས་བཀའ་རྒྱ་འདིར་མིང་རྟགས་བཀོད་པའི་ཐད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་27ཉིན། 16:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ཟླ་4ཚེས་25ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས། ཐེ་རོན་ཕུའུ་སྲིད་གཞུང་གི་མཚོ་གཏིང་གཏེར་འདོན་གྱི་སྲིད་འཛིན་བཀའ་རྒྱའི་སྐོར་ལ་དྲི་བ་བཏོན་པ་རེད། དེའི་ཐད་གོ་ཅ་ཁུན་གྱིས། ཨ་རི་ཕྱོགས་ཀྱི་སྲིད་འཛིན་བཀའ་རྒྱ་དེ་རྒྱལ་ཁབ་ཀྱི་དོ་དམ་ཁྱབ་ཁོངས་སུ་མི་གཏོགས་པའི་རྒྱལ་སྤྱིའི་མཚོ་གཏིང་མངའ་ཁོངས་དང་འབྲེལ་བ་ཡོད་པ་རེད། རྒྱལ་སྤྱིའི་བཅའ་ཁྲིམས་ལ་གཞིགས་ན། རྒྱལ་སྤྱིའི་མཚོ་གཏིང་མངའ་ཁོངས་དང་དེའི་ཐོན་ཁུངས་ནི་མིའི་རིགས་ཀྱི་ཐུན་མོང་གི་རྒྱུན་འཛིན་རྒྱུ་ནོར་དུ་གཏོགས་ཅེས་དང་།

    རྒྱལ་སྤྱིའི་མཚོ་གཏིང་མངའ་ཁོངས་སུ་གཏེར་རྫས་ཐོན་ཁུངས་རྩད་ཞིབ་དང་གསར་སྤེལ་བྱེད་སྒོ་སྤེལ་རིགས། ངེས་པར་དུ་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས་》གཞིར་བཟུང་། རྒྱལ་སྤྱིའི་མཚོ་གཏིང་དོ་དམ་ཅུས་ཀྱི་གཞི་སྒྲོམ་ནང་སྤེལ་དགོས། རྒྱལ་སྤྱིའི་མཚོ་གཏིང་མངའ་ཁོངས་ཀྱི་བཅའ་ཁྲིམས་གནས་བབ་དང་རྩད་ཞིབ་གསར་སྤེལ་ལམ་ལུགས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཁས་ལེན་ཐོབ་པ་དང་། རྒྱལ་སྤྱིའི་ལག་ལེན་ཁྲོད་བརྩི་སྲུང་ཏན་ཏིག་ཐོབ་ཡོད། རྒྱལ་ཁབ་གང་ཞིག་ཡིན་རུང་རྒྱལ་སྤྱིའི་མཚོ་གཏིང་དོ་དམ་ཅུས་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལས་གཡོལ་ནས་རང་དགར་རྒྱལ་སྤྱིའི་མཚོ་གཏིང་གི་ཐོན་ཁུངས་རྩད་ཞིབ་དང་གསར་སྤེལ་བྱེད་སྒོ་སྤེལ་བའི་དབང་ཆ་སྤྲད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་གནོད་འཚེ་གཏོང་རིགས་བྱས་མི་ཆོག

     ཨ་རི་ཕྱོགས་ཀྱི་སྲིད་འཛིན་བཀའ་དེ་ཨ་རིས་ཕྱོགས་རྐྱང་པས་ཁྲིམས་འགལ་ངང་དབྱེ་འབྱེད་བྱས་པའི་མཚོ་ལེ་200ཕུད་པའི་སྐམ་སའི་སྒྲོམ་སྟེགས་དང་ཡང་འབྲེལ་བ་ཡོད་པ་རེད། གོང་གསལ་གྱི་བྱེད་སྤྱོད་ཐོག་ནས་ཨ་རི་ཕྱོགས་ཀྱིས་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་སྒྲིག་ལམ་སྣང་མེད་དུ་འཇོག་པའི་ཕྱོགས་རྐྱང་རིང་ལུགས་ཀྱི་བྱེད་སྟངས་དང་བཙན་དབང་གི་ངོ་བོ་སླར་ཡང་མངོན་ཡོད་ཅེས་བརྗོད།