འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་27ཉིན།

༄༅།།ལས་རིགས་ནད་ཀྱི་དཀར་ཆག་ནང་ནད་135བར་ཕར་ཡོད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་27ཉིན། 16:14】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    2025ལོའི་ཟླ་4ཚེས་25ཉིན་ནས་ཟླ་5ཚེས་1ཉིན་བར་ནི། རྒྱལ་ཡོངས་ཀྱི་《ལས་རིགས་ཀྱི་ནད་འགོག་བཅོས་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》དྲིལ་བསྒྲགས་གཟའ་འཁོར་23པ་རེད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ལས་རིགས་ཀྱི་བདེ་ཐང་སྲུང་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་ནས། ངལ་རྩོལ་པའི་བདེ་ཐང་དང་དེ་བཞིན་འབྲེལ་ཡོད་ཁེ་དབང་སྲུང་སྐྱོང་བྱས་ཡོད། 《ལས་རིགས་ནད་ཀྱི་རིགས་དབྱེ་དང་དཀར་ཆག་》གི་པར་གཞི་གསར་པར་དེ་སྔའི་ལས་རིགས་ཀྱི་ནད་རིགས་10དང་རིགས་132ནས་ལས་རིགས་ཀྱི་ནད་རིགས་12དང་རིགས་135བར་མང་དུ་བཏང་ནས་2025ལོའི་ཟླ་8ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། དམངས་སྲིད་པུའུ། མི་ཤུགས་ཐོན་ཁུངས། སྤྱི་ཚོགས་འགན་སྲུང་པུའུ་སོགས་སྡེ་ཚན་དྲུག་གིས་“ངལ་རྩོལ་པའི་སེམས་ཁམས་བདེ་ཐང་ལ་གཅེས་སྐྱོང་བྱེད་པ་”བརྗོད་བྱ་གཙོ་བོར་བྱས་པའི་དྲིལ་བསྒྲགས་གི་གཟའ་འཁོར་བྱེད་སྒོ་སྤེལ་ནས། ས་གནས་ཁག་གིས་ངལ་རྩོལ་པར་སེམས་ཁམས་ཀྱི་བློ་འདྲི་དང་། སྣེ་ཁྲིད། ཐེ་གཏོགས་ཞབས་ཞུ་བཅས་མཁོ་འདོན་བྱས་ནས་ལས་རིགས་མི་ཚོགས་ཀྱི་རྒྱུན་ནད་འགོག་བཅོས་དང་། ལུས་པོའི་ལྗིད་ཚད་བདེ་ཐང་ཡོང་བའི་བདག་སྐྱོང་། སེམས་ཁམས་བདེ་ཐང་ལ་སྐུལ་འདེད་སོགས་ཡག་པོར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་“ཞིང་ཆེན་དང་གྲོང་ཁྱེར་གྱི་བརྟག་དཔྱད་དང་། རྫོང་དང་ཆུས་ཀྱི་ལུས་བཤེར། ཤང་དང་གྲོང་རྡལ་གྱི་བདེ་ཐང་སླར་གསོ་བཅས་ཀྱི་ལས་རིགས་ཀྱི་ནད་སྨན་བཅོས་དང་བདེ་ཐང་སླར་གསོའི་མ་ལག་གཞི་རྩའི་ཐོག་ཆགས་ཡོད་པ་རེད། 《ལས་རིགས་ཀྱི་ནད་རིགས་སྔོན་འགོག་བཅོས་སྐྱོང་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ནང་མི་སྤྱོད་སྡེ་ཚན་གྱིས་སྤྱིར་བཏང་གི་བདེ་ཐང་བརྟག་དཔྱད་ཀྱིས་ལས་རིགས་བདེ་ཐང་བརྟག་དཔྱད་ཀྱི་ཚབ་བྱས་མི་ཆོག་པའི་གཏན་འབེབས་ཁ་གསལ་བྱས་ཡོད། ངལ་རྩོལ་པའི་ལས་རིགས་ཀྱི་བདེ་ཐང་ཞིབ་བཤེར་དང་གཟུགས་པོར་བརྟག་དཔྱད་བྱེད་པའི་རྣམ་གྲངས་དང་དུས་ཡུན་ནི་གནོད་འཚེའི་རྒྱུ་རྐྱེན་དང་འབྲེལ་བ་དམ་ཟབ་ཡོད་པ་དེ་ནི་མི་སྤྱོད་སྡེ་ཚན་གྱི་ཁྲིམས་བཀོད་འོས་འགན་ཡིན་པས། བཅའ་ཁྲིམས་ཀྱི་བཙན་ཤེད་རང་བཞིན་ལྡན་པ་རེད།