གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་27ཉིན། 16:13】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་25ཉིན། ལྗར་པན་སྲིད་གཞུང་གིས་ཛ་དྲག་གི་ཇུས་གཞི་བཏོན་ནས་ཨ་རིའི་སྒོ་ཁྲལ་སྲིད་ཇུས་ཀྱིས་ལྗར་པན་གྱི་ཁེ་ལས་དང་འཛད་སྤྱོད་པར་བཟོས་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་རྒྱུ་ཡིན་པ་རེད།
ཉིན་དེར་ལྗར་པན་སྲིད་གཞུང་གིས་དབུ་བཞུགས་བློན་ཆེན་གྱི་ལས་ཤག་ཏུ་འཚོགས་པའི་ཚོགས་འདུའི་ཐོག་གོང་གསལ་གྱི་ཛ་དྲག་ཇུས་གཞིར་གྲོས་འཆམ་བྱས་པ་རེད། ཇུས་གཞིའི་ནང་དོན་ནང་ཁེ་ལས་ཀྱི་བློ་འདྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང། ཁེ་ལས་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་པ། ལས་ཞུགས་རྒྱུན་འཁྱོངས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ། རྒྱལ་ནང་གི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཐོན་ལས་ཀྱི་གྲུབ་ཚུལ་བསྒྱུར་བ། འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་སོགས་ཚུད་ཡོད་པ་རེད།
ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕོ་མའོ་ཡིས། ཚོགས་འདུའི་ཐོག་ཨ་རིའི་སྒོ་ཁྲལ་སྲིད་ཇུས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བཙུགས་པའི་རང་དབང་དང་དྲང་གཞག་གི་དཔལ་འབྱོར་སྒྲིག་ལམ་རྩ་བའི་ཐོག་ནས་འགྱུར་ལྡོག་གཏོང་སྲིད་ཅེས་བཤད་པ་རེད།