གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་27ཉིན། 15:47】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། གསར་འགོད་པས་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་བ་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་ལས་རིགས་ཡོངས་ཀྱིས་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་409ཟིན་ནས་དུས་མཚུངས་ལས་6.2%འཕར་ཞིང་། དེའི་ཁྲོད་ཕྱི་ཕྱོགས་ཀྱི་དངུལ་རྩ་མིན་པའི་རིགས་ལ་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་356.8ཟིན་ནས་4.4%འཕར་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་དངུལ་རྩ་མིན་པའི་རིགས་ལ་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་88.7ཟིན་ནས་15.6%འཕར་ཡོད་པ་རེད།
ཟླ་བ་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་ཕྱི་ཕྱོགས་ལ་འགན་གཙང་བླངས་པའི་ལས་གྲྭས་ལས་གཉེར་ཡོང་འབབ་ཨ་སྒོར་དུང་ཕྱུར་341.8ལེགས་སྒྲུབ་ཟིན་ནས་5.5%འཕར་བ་དང་། གསར་དུ་གན་རྒྱ་བཞག་པའི་དངུལ་འབོར་ཨ་སྒོར་དུང་ཕྱུར་586.7ཟིན་ནས་26%འཕར་ཡོད། དེའི་ཁྲོད་རང་རྒྱལ་ཁེ་ལས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཏུ་འགན་གཙང་བླངས་པའི་ལས་གྲྭས་ལས་གཉེར་ཡོང་འབབ་ཨ་སྒོར་དུང་ཕྱུར་275.2ལེགས་སྒྲུབ་ཟིན་ནས་4.1%འཕར་བ་དང་། གསར་དུ་གན་རྒྱ་བཞག་པའི་དངུལ་འབོར་ཨ་སྒོར་དུང་ཕྱུར་471.4ཟིན་ནས་16.3%འཕར་ཡོད་པ་རེད།