གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་24ཉིན། 13:36】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་4ཚེས་23ཉིན། ཁ་ཐཱར་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་སོགས་ཕྱི་རྒྱལ་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་22ཉིན། རྒྱ་གར་གྱིས་ཚོད་འཛིན་བྱེད་པའི་ཁེ་ཧྲི་སྨིར་ས་ཁུལ་དུ་ཡུལ་སྐོར་བར་དམིགས་པའི་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ནས། ཉུང་མཐར་ཡང་མི་26རྐྱེན་ལམ་དུ་ཤོར་བ་དང་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
གནས་འཕྲིན་སྤེལ་བར་གཞིགས་ན། རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་ཉུང་མཐར་ཡང་མེ་མདའ་བ་བཞི་ཡིས་ཡུལ་སྐོར་བ་བཅུ་ཕྲག་ཁ་ཤས་ལ་ཉེ་ས་ནས་མེ་མདའ་བརྒྱབ་ཡོད་ཅེས་བཤད་པ་རེད། མིག་སྔར། ད་དུང་ཚོགས་པ་གང་ཞིག་གིས་ཀྱང་འཇབ་རྒོལ་ལ་འགན་འཁུར་རྒྱུ་བསྟན་མེད།
དེ་ཉིན་རྒྱ་གར་གྱི་ཙུང་ལི་མོ་ཏིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་སྦྱོར་ཐོག་ཡི་གེ་སྤེལ་ནས། ད་ཐེངས་ཀྱི་འཇབ་རྒོལ་ལ་རྒོལ་གཏམ་བཏང་བ་དང་འབྲེལ་སྲིད་གཞུང་ལ་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མིར་རོགས་སྐྱོར་བྱ་རྒྱུའི་མཛུབ་སྟོན་བྱས་པ་རེད།
མོ་ཏིས་ད་དུང་རྒྱ་གར་སྲིད་གཞུང་གིས“འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན་པ་མ་ཟད། དེ་བས་བློ་བརྟན་འགྱུར་མེད་ཀྱང་ཡིན་སྲིད”ཅེས་བཤད་པ་རེད།