འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་23ཉིན།

༄༅།།འཇབ་རྒོལ་ཁྲོད་མི་26རྐྱེན་ལམ་དུ་ཤོར། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་23ཉིན། 14:30】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ས་གནས་དེ་གའི་དུས་ཚོད་ཚེས་22ཉིན། རྒྱ་གར་གྱིས་ཚོད་འཛིན་བྱས་པའི་ཁེ་ཧྲི་སྨིར་ས་ཁུལ་དུ་འཇིགས་སྐུལ་འཇབ་རྒོལ་ཐོན་ནས་ཉུང་མཐར་ཡང་ཡུལ་སྐོར་བ་26རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་པོར་རྨས་ཕོག་ཡོད།

རྒྱ་གར་གྱི་རྒྱལ་སྲུང་དང་བདེ་འཇགས་སྡེ་ཁག་གིས་གནས་འཕྲིན་སྤེལ་བར་གཞིགས་ན། མེ་མདའ་རྒྱག་མཁན་གྱིས་མི་ཚོགས་འདུ་འཛོམས་བྱ་ཡུལ་དུ་ཐག་ཉེ་ས་ནས་ཡུལ་སྐོར་བར་མེ་མདའ་བརྒྱབ་པ་རེད།

ཉིན་དེའི་དགོང་མོར། རྒྱ་གར་གྱི་ཙུང་ལི་མོ་ཏེ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་ནས་ཐེངས་འདིའི་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་བ་མ་ཟད། རྒྱ་གར་སྲིད་གཞུང་གིས“འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་ཆོད་སེམས་བློ་བརྟན་འགྱུར་མེད་ཡིན་པ་མ་ཟད། སྔར་ལས་བློ་བརྟན་འགྱུར་མེད་ཡིན་པ”བསྟན་པ་རེད།