གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་23ཉིན། 14:29】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་4ཚེས་22ཉིན། དམངས་སྲིད་པུས་སྤྱི་བསྒྲགས་སྤེལ་ནས་དམངས་སྲིད་པུས“རྩ་གཅིག་རྒན་གསོ”དང་“དམངས་ཕན་ལས་གྲྭ”ལས་གཞི་གཏན་ནས་བཙུགས་མེད་ལ་ཆོག་མཆན་སྤྲད་མེད་པ་དང་། དེ་དང་འདྲ་བའི་ཐོན་རྫས་སམ་ཡང་ན་མཉེན་ཆས་གང་ཡང་བཏོན་མེད་ཅེས་འཁོད་ཡོད། རྒྱ་ཆེའི་མང་ཚོགས་ཚོས་དོགས་ཟོན་ཆེར་བསྐྱེད་ཀྱིས་ཡོང་ཁུངས་གསལ་པོ་མེད་པའི་ཆ་འཕྲིན་དང་དོན་དངོས་དང་མི་མཐུན་པའི་དྲིལ་བསྒྲགས་ལ་ཡིད་ཆེས་བྱེད་མི་རུང་བ་དང་། མགོ་སྐོར་འོག་མི་ཚུད་པ་བྱེད་དགོས། དེའི་ནང་ཞུགས་ཟིན་པའམ་ཡང་ན་གྱོང་གུན་ཕོག་སྲིད་པའི་སྤྱོད་མཁན་གྱིས་ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་སྡེ་ཁག་ལ་གྱོད་དོན་སྙན་སེང་གང་མགྱོགས་ཞུས་ནས་གྱོང་གུན་དེ་བས་མང་པོ་མི་ཕོག་པ་བྱེད་དགོས། གལ་ཏེ་དོགས་གཞི་ཡོད་པའི་གནས་ཚུལ་དང་འཕྲད་ཚེ། དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་བློ་འདྲི་ཞིབ་བསྡུར་བྱེད་པའམ་ཡང་ན་ཉེན་བརྡ་བཏང་ནས་ཐག་གཅོད་བྱེད་དགོས་པའི་གྲོས་འགོ་བཏོན།