འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་23ཉིན།

༄༅།།ཨ་རིས་ཏོག་གསར་ནད་དུག་ཚོད་ལྟ་ཁང་ནས་ཕྱིར་གྱར་སྨྲ་བ་སྦིར་སྒྲོག་བྱེད་པའི་ཐད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་23ཉིན། 14:02】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཚེས་22ཉིན། ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་གོ་ཅ་ཁུན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་དྲ་ཚིགས་ཀྱིས་ཏོག་གསར་ནད་དུག“ཚོད་ལྟ་ཁང་ནས་ཕྱིར་གྱར་བ་སྨྲ་བ”བསམ་ངན་བཅངས་ནས་དཔང་རྟགས་གང་ཡང་མེད་པའི་གནས་ཚུལ་འོག་ཀྲུང་གོར་དམའ་འབེབས་བྱས་ཡོད། དེ་ནི་ཨ་རི་ཕྱོགས་ཀྱིས་ཏོག་གསར་ནད་དུག་གི་འབྱུང་ཁུངས་ལ་བརྟེན་པའི་ཆབ་སྲིད་ཀྱི་གཡོ་ཐབས་རྙིང་བ་ཙམ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ཐོག་མཐའ་བར་གསུམ་དུ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད།

     གསར་འགོད་པ་ཞིག་གིས་གནས་འཕྲིན་སྤེལ་བར་གཞིགས་ན། གཟའ་འཁོར་གོང་མའི་གཟའ་མཇུག་ཏུ་ཨ་རི་སྲིད་གཞུང་གིས་ཏོག་གསར་ནད་དུག་གི་འབྱུང་ཁུངས་དང་འབྲེལ་བ་ཡོད་པའི་དྲ་ཚིགས་པར་གཞི་གསར་པ་བཏོན་ནས། ཀྲུང་གོའི་ཚོད་ལྟ་ཁང་ནས་ཕྱིར་གྱར་བ་ནི་ནད་དུག་གི་འབྱུང་ཁུངས་ངོ་མ་ཡིན་ཞེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

     གོ་ཅ་ཁུན་གྱིས་ཁུངས་འདེད་པ་ནི་གཟབ་ནན་གྱི་ཚན་རིག་གི་གནད་དོན་ཞིག་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཚན་རིག་དང་། སྒོ་འབྱེད། ཁ་གསལ་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་ཚན་རིག་གི་ཁུངས་འདེད་ལ་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་ཞུགས་ཡོད། ཨ་རི་ཕྱོགས་ཀྱིས་ཁུངས་འདེད་པའི་གནད་དོན་དེ་ཆབ་སྲིད་ཅན་དང་། ལག་ཆ་ཅན། མཚོན་ཆ་ཅན་བཅས་བྱེད་མཚམས་འཕྲལ་མར་འཇོག་དགོས་པ་དང་། རྒྱལ་ཁབ་གཞན་ལ་ནག་མེད་ཉེས་བཟོ་དང་། འགན་གཡུག་པ། རང་ལ་ཡོད་པའི་དོགས་གཞི་སྣ་ཚོགས་མ་གོ་མ་རིག་བྱེད་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལུགས་མཐུན་དོ་ཁུར་བྱེད་པའི་ཐད་ལན་གང་མགྱོགས་བསློགས་ནས་འཛམ་གླིང་མི་དམངས་ལ་འགན་འཁྲི་འཁུར་བའི་ལན ་ཞིག་སྤྲོད་དགོས་པ་བརྗོད།

     ཨ་རི་ཕྱོགས་ཀྱིས་རིམས་ནད་ལ་འགན་འཁུར་དགོས་པའི་ཐད་དཔང་རྟགས་གང་ཡོད་དྲིས་པའི་གནད་དོན་ལ་ལན་འདེབས་སྐབས། གོ་ཅ་ཁུན་གྱིས་ཏོག་གསར་ནད་དུག་གི་ཁུངས་འདེད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་ལངས་ཕྱོགས་གསལ་བཤད་ཐེངས་མང་བྱས་ཡོད། “ངས་ནན་བཤད་བྱེད་འདོད་པ་ནི། རིམས་ནད་བྱུང་རྗེས། ང་ཚོས་སྨྱན་སྦྱོར་ཐོག་ནད་དུག་གི་འབྱུང་ཁུངས་གོ་ལ་ཧྲིལ་པོའི་ས་ཆ་མང་པོ་ཞིག་དང་རྒྱལ་ཁབ་མང་པོ་ཞིག་དང་ལྷག་པར་དུ་ཨ་རི་ནས་ཤེས་རྟོགས་བྱུང་བའི་འབྲེལ་ཡོད་གནས་ཚུལ་མང་པོ་ཞིག་མཐོང་བྱུང་། དེ་སྔོན་ཨ་རིར་ཐོན་མྱོང་ཡོད‘གློག་རྡུལ་ཐ་མག་གི་ནད་རིགས’དང་དེ་བཞིན་ཏེ་ཐེ་ལི་ཁེ་པའོ་སྐྱེ་དངོས་ཚོད་ལྟ་ཁང་གི་གནད་དོན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཨ་རི་ཕྱོགས་ཀྱི་རྩིས་སྤྲོད་གསལ་པོ་ཞིག་ཞུ་དགོས་འདོན་པའི་དབང་ཆ་ཡོད་པ་ང་ཚོར་ཡིད་ཆེས་ཡོད།”