འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་23ཉིན།

༄༅།།ཀྲུང་གོ་དང་མ་ལེ་ཞི་ཡའི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་ཁྭ་ལ་ལུམ་ཕུར་སྤེལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་23ཉིན། 13:32】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཁྭ་ལ་ལུམ་ཕུར་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི“ལག་གདང་སྦྲེལ་ནས་མདུན་དུ་སྐྱོད། ཐུན་མོང་ཐོག་ཏུ་དར་རྒྱས་གཏོད”ཅེས་པའི་ཀྲུང་གོ་དང་མ་ལེ་ཞི་ཡའི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་ཁྭ་ལ་ལུམ་ཕུར་སྤེལ་བ་རེད། མ་ལེ་ཞི་ཡའི་སྲིད་འཛིན་ལས་རིགས་དང་། དཔལ་འབྱོར་ལས་རིགས། རིག་གནས་ལས་རིགས། རིག་གཞུང་ལས་རིགས། སྨྱན་སྦྱོར་སོགས་ནས་ཡོང་བའི་སྐུ་མགྲོན་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

   བྱེད་སྒོའི་ཐོག་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མ་ལེ་ཞི་ཡའི་མ་ཀྲུང་མཛའ་གྲོགས་མཐུན་ཚོགས་དང་། མ་ལེ་ཞི་ཡའི་ལཱ་མན་སློབ་ཆེན། མ་ལེ་ཞི་ཡའི་ས་ཁོངས་ཐབས་ཇུས་ཞིབ་འཇུག་ཁང་། མ་ལེ་ཞི་ཡའི་རྒྱལ་སྤྱིའི་ཀྲེང་ཧོ་ཞིབ་འཇུག་ཁང་བཅས་དང་རིག་གཞུང་སྤེལ་རེས་དང་། མི་སྣ་ཕན་ཚུན་འཚམས་འདྲི། སྨྱན་སྦྱོར་བྱེད་སྒོ ཇུས་འདོན་ཚོགས་པའི་ཞིབ་འཇུག་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་མང་པོ་བྱས་པ་རེད།