གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་22ཉིན། 15:18】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉེ་ཆར། རྒྱལ་སྤྱིའི་གསེར་གྱི་རིན་གོང་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་ཡང་ཡང་བཏོད་ཡོད། ཟླ་4ཚེས་21ཉིན། ཧྲང་ཧའེ་གསེར་ཉོ་ཚོང་ཁང་གིས《ཉེ་དུས་ཁྲོམ་རའི་ཉེན་ཁ་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད།
《བརྡ་ཐོའི》ནང་བསྟན་དོན། ཉེ་ལམ་གསེར་གོང་འཕར་ཆག་ཧ་ཅང་ཆེ། ཚོགས་མི་ཁག་གིས་ཉེན་ཁ་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མུ་མཐུད་དུ་ཉེན་ཁའི་འཕྲལ་བསྟུན་སྔོན་ཇུས་ཞིབ་ཚགས་ངང་ཡག་པོ་བཟོས་ནས། ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་བྱ་རྒྱུར་སྲུང་སྐྱོང་བྱེད་པ་དང་། དེ་དང་ཆབས་ཅིག མ་དངུལ་འཇོག་མཁན་ལ་ཉེན་ཁ་སྔོན་འགོག་གི་ལས་དོན་ཡག་པོ་སྒྲུབ་པ་དང་། མཛོད་གནས་ཚོད་འཛིན་ལུགས་མཐུན་དང་ཚུལ་མཐུན་གྱིས་དངུལ་གཏོང་བར་དྲན་སྐུལ་བྱ་རྒྱུ་ཡིན།