འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་22ཉིན།

༄༅།།དུས་ཚིགས་དང་པོར་ཀོང་ཤིས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་དངོས་ཟོག་སྒོར་དུང་ཕྱུར་སྟོང་གི་ཕྱིར་གཏོང་ནང་འདྲེན་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་22ཉིན། 14:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་ནན་ནིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ནན་ནིང་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཕྱི་ཕྱོགས་ཚོང་དོན་གྱིས་དངོས་ཟོག་སྒོར་དུང་ཕྱུར་1873.3གྱི་ཕྱིར་གཏོང་ནང་འདྲེན་བྱས་པ་དེ་དུས་མཚུངས་ལས་16.8%འཕར་བ་དང་། དེའི་ནང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་སྒོར་དུང་ཕྱུར་1015.1གི་ཕྱིར་གཏོང་ནང་འདྲེན་བྱས་པར་16.5%འཕར་བ་དེ་ལོ་རྒྱུས་ཀྱི་དུས་མཚུངས་ལས་སྒོར་དུང་ཕྱུར་སྟོང་ཟིན་ཐེངས་དང་པོ་རེད།

དུས་ཚིགས་དང་པོར་ཀོང་ཤིས་ཀྱིས་སྤྱིར་བཏང་ཚོང་དོན་སྒོར་དུང་ཕྱུར་899.3ཕྱིར་གཏོང་ནང་འདྲེན་བྱས་པར་35.6%འཕར་ཡོད། ལྗོངས་ནང་ཁུལ་གྱི་ནུས་རྒྱུ་གསར་པ་དང་། བཙོ་སྦྱང་། ཤོག་བཟོ་བཅས་ཀྱི་ཁེ་ལས་ཁག་གཅིག་གིས་ཐོན་ཁུངས་རྣམ་པའི་ཐོན་རྫས་ལས་སྣོན་ཚོང་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་དུས་ཚིགས་དང་པོར་ཀོང་ཤིས་ཀྱི་ལས་སྣོན་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་དང་། ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་206.2ཟིན་པར་63.4%འཕར་ཡོད། དམངས་གཉེར་ཁེ་ལས་ཀྱིས་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་པ་སྟེ། དུས་ཚིགས་དང་པོར་ཀོང་ཤིས་ལ་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཡོད་གྲུབ་འབྲས་ཐོབ་པའི་དམངས་གཉེར་ཁེ་ལས་3515ཟིན་ནས་14.4%འཕར་ཡོད། དམངས་གཉེར་ཁེ་ལས་ཀྱིས་ཕྱིར་གཏོང་ནང་འདྲེན་བསྡོམས་སྒོར་དུང་ཕྱུར་1347.2བྱས་པ་དེས་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གྱི་71.9%ཟིན་ཡོད།