གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་22ཉིན། 13:49】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་1ཚེས་7ཉིན། བོད་ལྗོངས་དིང་རིར་ས་ཡོམ་རིམ་པ་6.8ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། རྒྱལ་ལམ་349ཐོག་གི་གཞིས་ཀ་རྩེའི་ལྷ་རྩེ་ཡར་ལུང་གཙང་པོའི་ཟམ་ཆེན་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས། ད་ལྟའི་བར་བཀག་སྡོམ་བྱས་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཟམ་པ་འདིའི་འགྲམ་དུ་གནས་སྐབས་སུ་ལྕགས་སྒྲོམ་ཟམ་པ་ཞིག་འཕྲལ་དུ་བཙུགས་པས། མིག་སྔར་ལས་གྲྭ་ཡོངས་ཀྱི་90%ལེགས་གྲུབ་ཟིན་པ་དང་། ལས་མཇུག་བསྒྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་ལ་ཉེ།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་རྩེ་ཡར་ལུང་གཙང་པོའི་ཟམ་ཆེན་ནི་ལྷ་རྩེ་རྫོང་གི་ཕྱི་རོལ་གྱི་སྤྱི་ལེ་5ཡོད་སའི་ཡར་ལུང་གཙང་པོ་བརྒལ་བ་དང་། རིང་ཚད་ལ་སྨི་205ཡོད། དེ་ནི་Tདབྱིབས་ཟམ་པ་ཞིག་ཡིན་པས། འགྲིམ་འགྲུལ་གྱི་སྦྲེལ་ཚིགས་གལ་ཆེན་ཞིག་ཡིན་ལ། ཞིང་འབྲོག་མང་ཚོགས་ལྷ་རྩེ་རྫོང་ལ་འགྲོ་བར་ངེས་པར་དུ་བགྲོད་དགོས་པའི་ལམ་ཞིག་ཀྱང་ཡིན། བོད་ལྗོངས་དིང་རིར་ས་ཡོམ་རིམ་པ་6.8བྱུང་རྗེས། ལྷ་རྩེ་ཡར་ལུང་གཙང་པོའི་ཟམ་ཆེན་དེ་རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་དཔྱད་དཔོག་བྱས་པ་བརྒྱུད་ཉེན་ཁ་ཆེ་བར་ངོས་བཟུང་བ་དང་། དེ་ནས་འཕྲལ་དུ་བཀག་སྡོམ་བྱས་ཏེ་འགྲོ་སྐྱོད་བྱེད་མི་ཆོག་པ་བྱས་པ་དང་། རྗེས་སུ་ཟམ་པ་དེ་བཤིག་ནས་བསྐྱར་སྐྲུན་བྱ་རྒྱུ་གཏན་འཁེལ་བྱས་པ་རེད། འགྲིམ་འགྲུལ་དགོས་མཁོ་འགན་ལེན་བྱ་ཆེད། འགྲིམ་འགྲུལ་སྡེ་ཁག་གིས་ས་གནས་དེ་གར་གནས་སྐབས་སུ་ལྕགས་སྒྲོམ་ཟམ་པ་ཞིག་བསྐྲུན་རྒྱུའི་ཐག་བཅད་པ་རེད།