གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་21ཉིན། 14:09】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀྲེ་ཅང་ཧང་ཀྲོའུ་རུ་གསར་འགོད་པས་འདྲི་རྩད་བྱས་པ་ལྟར་ན། “ལྔ་གཅིག”གུང་གསེང་གོང་། ཧང་ཀྲོའུ་ནས་ཐོན་པའི་རྒྱལ་ནང་མཁའ་ལམ་མང་པོ་ཞིག་གི་གནམ་གྲུའི་སྤ་སེའི་རིན་གོང་ཆག་པ་དང་། ཆག་ཚད་མཐོ་ཤོས་དེ་60%ལས་བརྒལ་འདུག་པར་འཚང་གཡོལ་ཡུལ་སྐོར་ལ་འགྲོ་བར་འཚམ་པོ་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། ཧང་ཀྲོའུ་ནས་ཐོན་པའི་ས་ཆ་མང་པོའི་གནམ་གྲུའི་སྤ་སེའི་རིན་གོང་ཆག་ཚད་60%ལས་བརྒལ་ཡོད་པ་རེད། ལས་རིགས་ནང་ཁུལ་གྱི་མི་སྣས་དབྱེ་ཞིབ་བྱས་ནས་བསྟན་དོན། མིག་སྔར་ནི་དཔྱིད་དུས་ཀྱི་འཚང་གཡོལ་ཕྱིར་སྐྱོད་ཀྱི་དུས་མཚམས་ཡག་ཤོས་ཡིན་པ་དང་། ཚོང་དོན་འགྲོ་སྐྱོད་ཀྱི་དགོས་མཁོ་བལྟོས་བཅས་ཀྱིས་ཞི་ལྷོད་ཡིན་པ་མ་ཟད། མཁའ་འགྲུལ་ཀུང་སིའི་སྐྱེལ་འདྲེན་ནུས་པ་གཅིག་སྡུད་ཀྱིས་ཕྱིར་གཏོང་བྱས་པ་སོགས་རྒྱུ་རྐྱེན་མང་པོ་རིམ་བརྩེགས་བྱས་པས་རིན་གོང་ལ་བལྟོས་བཅས་ཀྱིས་ཅུང་གཟིགས་སྐྱོང་ཡོད་པ་རེད། “ལྔ་གཅིག”གུང་གསེང་སླེབས་པ་དང་ཆབས་ཅིག གནམ་གྲུའི་སྤ་སེའི་རིན་གོང་མངོན་གསལ་དོད་པོས་འཕར་རྒྱུ་རེད།