འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་21ཉིན།

༄༅།།རྒྱལ་ཡོངས་ཀྱི་དཔྱིད་འདེབས་མྱུར་ཚད་བརྒྱ་ཆ་ཉི་ཤུ་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་21ཉིན། 13:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་18ཉིན་གློག་འཕྲིན་འབྱོར་གསལ། མིག་སྔར། རང་རྒྱལ་གྱི་དཔྱིད་རྨོད་དཔྱིད་འདེབས་ཀྱི་འཕེལ་རིམ་བདེ་བླག་བྱུང་ཞིང་། ཞིང་ལས་གནས་ཚུལ་བཀོད་གཏོང་ལ་གཞིགས་ན། འདི་ལོ་རྒྱལ་ཡོངས་སུ་འབྲུ་རིགས་མུའུ་དུང་ཕྱུར་17.9ཙམ་འདེབས་རྩིས་ཡོད་པའི་ནང་དཔྱིད་འདེབས་མུའུ་དུང་ཕྱུར་9.6ཟིན་རྒྱུ་རེད།

ཟླ་4ཚེས་17ཉིན་བར། རྒྱལ་ཡོངས་སུ་དཔྱིད་འདེབས་མྱུར་ཚད་བརྒྱ་ཆ་ཉི་ཤུ་ཙམ་ཟིན་ནས་ལོ་གོང་མ་ལས་ཅུང་མགྱོགས་པ་ཡོད་ཅིང་། དེའི་ནང་སྔ་སྨིན་འབྲས་བརྒྱ་ཆ་བདུན་ཅུ་བཏབ་པ་དང་། བར་སྨིན་འབྲས་ཀྱི་འབྲས་ལྗང་བརྒྱ་ཆ་དྲུག་ཅུ་ལྷག་ཙམ་འདེབས་གསོ། དཔྱིད་འདེབས་མ་རྨོས་ལོ་ཏོག་བརྒྱ་ཆ་བཅུ་ལྷག་ཙམ་བཏབ་པ་བཅས་བྱས་ཡོད་པ་རེད། (པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)