གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་21ཉིན། 13:50】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རང་བྱུང་ཐོན་ཁུངས་པུའུ་ཡིས་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་འདི་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་ས་ཞིང་དང་། ནགས་ཚལ། རྩྭ་ཐང་། རྒྱ་མཚོ་བཅས་བེད་སྤྱོད་འགན་སྲུང་དང་། གསར་དུ་བཟོས་པའི་གཏེར་འདོན་དབང་ཆ། ནགས་ཚལ་དང་རྩྭ་ཐང་ཐོན་ལས་སོགས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་གི་འབྲེལ་ཡོད་གནས་ཚུལ་བཅས་ཁྱབ་བསྒྲགས་བྱས་པ་རེད། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ཁྲི་1.69ཟིན་པ་དེ་དུས་མཚུངས་ལས་8.95%འཕར་ཡོད། རྒྱལ་ཡོངས་ཀྱི་ཤིང་ཆ་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་2517.41ཟིན་པ་དེ་དུས་མཚུངས་ལས་8.08%འཕར་ཡོད།
དུས་ཚིགས་དང་པོར་རྒྱལ་ཡོངས་སུ་གཏེར་འདོན་དབང་ཆ་གསར་པ་ཁག་202བཟོས་པ་དང་། འཛུཌ་སྐྲུན་ས་སྤྱོད་ཀྱི་སྔོན་ཚུད་ཞིབ་དཔྱད་རྣམ་གྲངས་ཁག་3222ལ་ཆོག་མཆན་སྤྲད་པ། ས་ཆ་བེད་སྤྱོད་བྱ་རྩིས་ཡོད་པའི་རྒྱ་ཁྱོན་བསྡོམས་འབོར་སྤྱི་ཆིང་59885.07(མུའུ་ཁྲི་89.83)ཟིན་པ་དེ་དུས་མཚུངས་ལས་43.9%འཕར་ཡོད། རྒྱལ་ཡོངས་ཀྱི་གསར་སྐྲུན་རྣམ་གྲངས་ཁག་8500ལྷག་ཙམ་ལ“ས་ཆ་རྩིས་སྤྲོད་དང་། ཁང་པ་རྩིས་སྤྲོད། ལག་ཁྱེར་སྤྲོད་པ”བཅས་ཀྱི་སྒྱུར་བཅོས་ལག་བསྟར་བྱས་པས་ཁེ་ལས་ཀྱི་མང་ཚོགས་ཁྲི་170ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།