འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་20ཉིན།

༄༅།།འཛམ་གླིང་ཐོག་འཕྲེད་བཅད་རིང་ཤོས་ཀྱི་ལྕོག་གསུམ་ལྡིང་ཟམ་སྦྲེལ་མཐུད་ཐུབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་20ཉིན། 11:28】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་17ཉིན་གློག་འཕྲིན་འབྱོར་གསལ། འཛམ་གླིང་ཐོག་འཕྲེད་བཅད་རིང་ཤོས་ཀྱི་ལྕོག་གསུམ་ལྡིང་ཟམ་སྟེ། མཱ་ཨན་ཧྲན་རི་བོའི་འབྲི་ཆུའི་གཞུང་ལམ་དང་ལྕགས་ལམ་ཟུང་སྦྲེལ་ཟམ་ཆེན་གྱི་ཆུ་ལག་གཙོ་བོའི་གྲུ་ལམ་ཟམ་པ་ཚེས་17ཉིན་དངོས་སུ་སྦྲེལ་མཐུད་ཐུབ་པ་རེད། གྲུ་ལམ་ཟམ་པ་གཙོ་བོའི་ལྕོག་གསུམ་གྱི་མཐོ་ཚད་ལ་སྨི་300ལྷག་ཙམ་ཡོད་པ་དང་དཀྱིལ་གྱི་ཟམ་ལྕོག་མཐོ་ཤོས་ལ་སྨི་345.6ཡོད་པ་དེ་ཐོག་བརྩེགས་115ཡི་མཐོ་ཚད་དང་གཅིག་མཚུངས་ཡིན་པ་རེད།

ཟམ་ཆེན་དེ་མཐུད་རྗེས་ཞོར་གཏོགས་ལས་གྲྭ་དང་ཟམ་ངོས་འདིང་བའི་ཨར་ལས་ཀྱི་དུས་མཚམས་སུ་སླེབས་རྒྱུ་རེད། རྣམ་གྲངས་ཧྲིལ་པོ་ལེགས་གྲུབ་ཟིན་རྗེས། འབྲི་ཆུའི་ངོགས་གཉིས་སུ་མྱུར་ཚད་མགྱོགས་པའི་ལམ་བུ་གསར་པ་ཞིག་བསྐྲུན་ནས་ཧོ་ཧྥེའི་གྲོང་ཁྱེར་དང་ནན་ཅིང་གྲོང་ཁྱེར་དབར་གྱི་བར་ཐག་སྔར་བས་ཐུང་དུ་སོང་ནས“ལྕགས་ལམ་ཐོག་གི་འབྲི་ཆུའི་ཟུར་གསུམ་གླིང”སྐྲུན་པར་རམ་འདེགས་ཐུབ་རྒྱུ་རེད།