འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་18ཉིན།

༄༅།།གཏེར་ཁའི་ཐད་ཀྱི་གསར་རྙེད་ཆེན་པོ་ཞིག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་18ཉིན། 13:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉེ་ཆར། ཀྲེ་ཅང་ཞིང་ཆེན་གཏེར་རྫས་ཐོན་ཁུངས་ཚོགས་པ་ཚད་ཡོད་ཀུང་སིའི(གཤམ་དུ་བསྡུས་མིང་ལ“ཀྲེ་ཅང་གཏེར་རྫས་ཚོགས་པ”ཞེས་བརྗོད་རྒྱུ) ཀྲེ་ཅང་ཞིང་ཆེན་ལི་ཧྲུའེ་གྲོང་ཁྱེར་སུའེ་ཁྲང་རྫོང་མའོ་དབྱང་གཏེར་ཁུལ་དུ་གཏེར་གཟུགས་ཆེ་གྲས་ཤིག་གསར་དུ་རྙེད་པ་དང་། སྔོན་དཔག་བྱས་ན་གཏེར་རྫས་ཐོན་ཁུངས་འབོར་ཚད་ཏུན་ཁྲི་550ལས་བརྒལ་བ་དང་། གཏེར་དངོས་ཐོན་ཁུངས་འབོར་ཚད་ཏུན་ཁྲི་220ལས་བརྒལ་ཡོད་པ་རེད།

    གསར་དུ་རྩད་ཞིབ་བྱས་པའི་གཏེར་རྩ་ཚོད་འཛིན་གཏེར་གཟུགས་ཀྱི་རིང་ཚད་སྨི་600ཡིན་པ་དང་། རིམ་པ་རྐྱང་བའི་མཐུག་ཚད་ཆེ་ཤོས་སྨི་32ཟིན་ཡོད། གཏེར་གཟུགས་མཐུག་པོ་དེ་རྒྱལ་ཡོངས་ཀྱི་ཡིང་ཧྲི་གཏེར་ཕུང་ཁྲོད་ཅུང་མཐོང་དཀོན་པ་དང་། མང་དུ་གསོག་པའི་གཏིང་ཤུགས་ཧ་ཅང་ཆེན་པོ་མངོན་ཡོད།