འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་18ཉིན།

༄༅།།ད་ལོའི་དུས་ཚིགས་དང་པོར་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་1.63ཟིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་18ཉིན། 10:41】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། རྒྱལ་ཁབ་གནས་སྤོས་མི་སེར་དོ་དམ་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2025ལོའི་དུས་ཚིགས་དང་པོའི་གནས་སྤོས་མི་སེར་དོ་དམ་ལས་དོན་གྱི་གྲངས་གཞི་གཙོ་བོ་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་ཡོངས་གནས་སྤོས་མི་སེར་དོ་དམ་སྒྲིག་གཞིས་རིམ་རྩིས་བརྒྱབ་པར་གཞིགས་ན། རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་དུང་ཕྱུར་1.63ལ་ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས་15.3%འཕར་ཡོད། དེའི་ནང་ནང་སའི་གྲོང་མི་མི་ཐེངས་ཁྲི་8027.2དང་། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་གྲོང་མི་མི་ཐེངས་ཁྲི་6572.4 ཕྱི་རྒྱལ་བ་མི་ཐེངས་ཁྲི་1743.7བཅས་ཡོད་པ་དེ་དུས་མཚུངས་ལས་15.4%དང་། 11.2% 33.4%བཅས་སོ་སོར་འཕར་ཡོད། རྒྱལ་མཚམས་འཛུལ་སྒྲོལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་ཆས་ཁྲི་849.5(མེ་འཁོར་དང་། གྲུ་གཟིངས། རླངས་འཁོར)ལ་ཞིབ་བཤེར་བྱས་པ་དེ་དུས་མཚུངས་ལས་15.5%འཕར་ཡོད།

དུས་ཚིགས་དང་པོར་རྒྱལ་ཡོངས་གནས་སྤོས་མི་སེར་དོ་དམ་སྒྲིག་གཞིས་གནས་སྤོས་མི་སེར་དོ་དམ་ཁྱབ་ཁོངས་ལམ་ལུགས་རྣམ་པའི་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་བཏང་ནས། ཆུ་ཚད་མཐོ་བའི་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ཡོད། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ཡུལ་སྐོར་ཚོགས་པ་ཡུན་ནན་ཤིས་ཧྲོང་པན་ན་རུ་ཡོང་བར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་པ་དང་། ཀྲུའུ་ཧའེ་གྲོང་ཁྱེར་གྱི་ཐེམ་ཁུངས་གྲོང་ཁྱེར་དེ་རང་གི་གྲོང་མི་ཨའོ་མོན་དུ“གཟའ་འཁོར་རེར་ཐེངས་རེ”ཡུལ་སྐོར་དུ་འགྲོ་ཆོག་པ་དང་། ཧེང་ཆིན་གཡོད་ཨའོ་མཉམ་ལས་གཏིང་ཟབ་ཁུལ་གྱི་ཐེམ་ཁུངས་གྲོང་ཁྱེར་དེ་རང་གི་གྲོང་མི་དང་གནས་སྡོད་ལག་འཁྱེར་ཡོད་མཁན་ཨའོ་མོན་དུ“ཐོངས་མཆན་གཅིག་གིས་ཐེངས་མང་འགྲོ་ཆོག་པའི”ཡུལ་སྐོར་སྲིད་ཇུས་སོགས་དངོས་སུ་ལག་ལེན་བསྟར་ཡོད།

(ཉི་དོན་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)