གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་18ཉིན། 10:40】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གཙོ་གནད་བྱེད་ཐབས་ཀྱི་གསལ་ཐོ》བཀྲམ་ནས་གཙོ་གནད་བྱེད་ཐབས་ཁག་37བཏོན་ཡོད་པ་རེད།
བཀག་རྒྱ་མེད་པར་བཟོ་བ་དང་དྲང་སྙོམས་འགྲན་རྩོད་ལ་སྐུལ་འདེད་གཏོང་བའི་ཐད།《དྲང་སྙོམས་འགྲན་རྩོད་ཀྱི་ཞིབ་བཤེར་སྲོལ་ཡིག་ལག་བསྟར་བྱེད་ཐབས》ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། གཉེར་སྐྱོང་བྱེད་པོ་ཁག་དྲང་སྙོམས་འགྲན་རྩོད་བྱེད་པར་འགན་སྲུང་བྱེད་དགོས།
ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཟང་ཟིང་གི་སྣང་ཚུལ་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱེད་པའི་ཐད། 《ཁེ་ལས་དང་འབྲེལ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་གྲོན་བསྡུའི་བྱེད་སྤྱོད་ཐག་གཅོད་བྱེད་ཐབས》བཏོན་ནས་ཁེ་ལས་དང་འབྲེལ་བའི་གྲོན་བསྡུའི་སྲིད་ཇུས་དང་བྱེད་ཐབས་སྲོལ་མཐུན་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། དྲ་རྒྱའི་ཉོ་ཚོང་ལས་སྟེགས་ཀྱི་གྲོན་བསྡུའི་བྱ་སྤྱོད་ཀྱི་སྲོལ་མཐུན་ཕྱོགས་སྟོན་བཟོས་ཏེ་ལས་སྟེགས་ཀྱི་གྲོན་བསྡུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས།
གནད་སྨིན་རོགས་སྐྱོར་དང་སྔོན་ཚུད་ཞབས་ཞུ་སྤེལ་བའི་ཐད། སྡེ་ཚན་གྱི་འགན་ནུས་ལེགས་ཆ་བཏོན་ཏེ་བརྡ་ཁྱབ་སྲོལ་མཐུན་དང་ཁེ་ལས་ལ་རོགས་སྐྱོར་དང་། “ཡིད་རྟོན་དང་ཞབས་ཞུ་ཟུང་འབྲེལ”ཕྲན་ཚེགས་ཁེ་ལས་ཀྱི་སྤུས་ཚད་ཁས་ལེན་མཐོར་གཏོང་། ཞིབ་བཤེར་ཞིབ་དཔྱད་ཚད་ལེན་གྱིས་ཐོན་ལས་ལེགས་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་སྤྱོད་སྤེལ་བ་དང་། དེ་བཞིན་རྒྱལ་ཡོངས་གྱི“སྤུས་ཚད་ཟླ་བ”དང་། སྤུས་ཚད་ལག་རྩལ་གྱི་རོགས་སྐྱོར་ཐད“ཁྱེད་ཀྱིས་བཏོན་པ་དང་ངས་རོགས་རམ་བྱེད་པ”ཁེ་ལས་འབྲིང་ཆུང་ལ་ཚད་འཇལ་ཞབས་འདེགས་ཞུ་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས་གནད་སྨིན་རོགས་སྐྱོར་གྱི་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱེད་དགོས། (ཉི་དོན་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)