གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་17ཉིན། 14:32】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣའི་གོ་གནས་བསྐོ་འཐེན་བྱས།
ལི་ཁྲེང་ཀང་ཚོང་དོན་པུའི་རྒྱལ་སྤྱིའི་ཚོང་དོན་གྲོས་མོལ་གྱི་འཐུས་མི(པུའུ་ཀྲང་རྒན་པའི་རིམ་པ)དང་པུའུ་ཀྲང་གཞོན་པ་གཅིག་ལྕོགས་ལ་བསྐོ་གཞག་བྱས་པ་དང་། ཁྲེན་ཞའོ་ཏུང་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་ཧྲུའུ་ཀྲང་ལ་བསྐོ་གཞག་བྱས་པ་དང་། ཝང་ཀྲི་ཀྲུང་རྒྱལ་ཁབ་གནས་སྤོས་དོ་དམ་ཅུས(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་མཚམས་ནས་འགྲོ་འོང་དོ་དམ་ཅུས)ཀྱི་ཅུས་ཀྲང་ལ་བསྐོ་གཞག་བྱས་པ་རེད།
ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲེན་ཞའོ་ཏུང་གི་གོ་གནས་ཕྱིར་འཐེན་བྱས་པ་དང་། སྤྱི་བདེ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་ཅུས(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་མཚམས་ནས་འགྲོ་འོང་དོ་དམ་ཅུས)ཀྱི་ཅུས་ཀྲང་ཞུས་ཀན་ལུའུ་ཡི་གོ་གནས་ཕྱིར་འཐེན་བྱས་པ་དང་། ཚོང་དོན་པུའུ་ཡི་རྒྱལ་སྤྱིའི་ཉོ་ཚོང་གྲོས་མོལ་འཐུས་མི་དང་པུའུ་ཀྲང་གཞོན་པ་ཝང་ཧྲོའུ་ཝུན་གྱི་གོ་གནས་ཕྱིར་འཐེན་བྱས། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་ཧྲུའུ་ཀྲང་ལུའོ་ཀྲའོ་ཧུའེ་ཡི་གོ་གནས་ཕྱིར་འཐེན་བྱས་པ་རེད།