འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་15ཉིན།

༄༅།།འགོ་ཁྲིད་འདི་བཟུང་འདུག 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་15ཉིན། 14:12】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

གསར་འགོད་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཧའེ་ནན་ཞིང་ཆེན་སྒྲིག་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རེན་གཞོན་པ་ཁྲེན་ཞའོ་པའོ་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་ཕུལ་བ་རེད། ཉིན་ཤས་གོང་། ཧྲང་ཧའེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཀྱི་ཐོག་ནས་ཁྲེན་ཞའོ་པའོ་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་སྒྲུབ་བཞིན་པའི་སྒང་རེད།