གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་15ཉིན། 14:12】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
གལ་ཏེ་ལོ་མི་ཆེ་ན་ཡང་སྐྲ་དཀར་པོ་སྐྱེས་ན། གཤམ་གྱི་གནས་ཚུལ་རིགས་གསུམ་ལས་སྐྲ་དཀར་པོ་ཡང་བསྐྱར་སྐྲ་ནག་པོར་འགྱུར་ཐུབ།
གཅིག ནད་གཞིའི་རྒྱུ་རྐྱེན་ལས་བྱུང་བའི་སྐྲ་དཀར་པོ།
འབྲེལ་ཡོད་ནད་རིགས་ལ་ཚད་ལྡན་གྱི་སྨན་བཅོས་བྱས་རྗེས་སྐྲ་དཀར་པོ་སྐྱེ་བའི་གནས་ཚུལ་ཇེ་བཟང་དུ་འགྲོ་སྲིད།
གཉིས། སེམས་ཁམས་རྒྱུ་རྐྱེན་ལས་བྱུང་བའི་སྐྲ་དཀར་པོ།
སེམས་ཁམས་ཞི་ལྷོད་དུ་སོང་བའམ་ཡང་ན་གནོན་ཤུགས་ཞི་ལྷོད་དུ་སོང་རྗེས། སྐྲ་དཀར་པོ་སྐྱེ་བའི་གནས་ཚུལ་ཇེ་བཟང་དུ་འགྲོ་སྲིད་པས་སེམས་ཁམས་སྐྱིད་པོ་ཡོང་བ་དང་འགུལ་སྐྱོད་འོས་འཚམ་བྱ་དགོས།
གསུམ། འཚོ་བཅུད་མི་འདང་བ་ལས་བྱུང་བའི་སྐྲ་དཀར་པོ།
འཚོ་བཅུད་འདང་རྗེས་སྐྲ་དཀར་པོ་སྐྱེ་བའི་གནས་ཚུལ་ཇེ་བཟང་དུ་འགྲོ་སྲིད། ཟས་རིགས་ལ་ཕྱོགས་ཞེན་བྱེད་པའི་མི་ཚོགས་ཀྱིས་འཚོ་བཅུད་བསྡུ་ལེན་བྱས་རྗེས་སྐྲ་དཀར་ཡང་ཇེ་བཟང་དུ་འགྲོ་སྲིད། འོན་ཀྱང་། གོང་གསལ་གྱི་གནས་ཚུལ་ཚང་མར་སྔོན་ལ་འབྲེལ་ཡོད་ཞིབ་བཤེར་བྱས་ནས། འཚོ་བཅུད་མི་འདང་བའི་གནས་ཚུལ་ཡོད་མེད་ལ་བལྟ་དགོས་པ་ལས་རང་དགར་ཁ་གསབ་གཏན་ནས་བྱེད་མི་རུང་།