འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་15ཉིན།

༄༅།།ས་ཆ་འདི་དག་ལ་ཁ་བ་ཆེན་པོ་འབབ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་15ཉིན། 14:09】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

ཁ་སང་ནང་སོག་དང་། ཧྭ་བྱང་། ཧོང་ཧོའེ་སོགས་ས་ཁུལ་དུ་རླུང་ཆེན་ལྡང་བ་དང་། མཚོ་སྔོན་དང་བོད་ལྗོངས་སོགས་ས་ཁུལ་ཁ་ཤས་སུ་ཁ་ཆར་འདྲེས་མ་འབབ་པ་རེད། སྔོན་དཔག་བྱས་ན། ཚེས་15ནས་ཚེས་16ཉིན་བར། ཞིན་ཅང་གི་བྱང་རྒྱུད་དང་། མཚོ་བོད་མཐོ་སྒང་གི་ཤར་རྒྱུད། སི་ཁྲོན་ནུབ་རྒྱུད་མཐོ་སྒང་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་(ཆར་པ་)ཁ་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་བྱང་རྒྱུད་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཁུལ་དང་། བོད་ལྗོངས་ཀྱི་བྱང་ཤར་རྒྱུད། སི་ཁྲོན་གྱི་ནུབ་རྒྱུད་མཐོ་སྒང་གི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཁ་བ་ཆེན་པོ་ནས་ཁ་བ་ཧ་ཅང་ཆེན་པོ་(ཧོ་སྨི་10ནས་18བར་)འབབ་རྒྱུ་རེད།