འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་15ཉིན།

༄༅།།དངུལ་རྩའི་རྒྱུ་ནོར་དོ་དམ་ཀུང་སིའི་ལྟ་འདོམས་སྤུས་ཚད་ལེགས་སུ་བཏང་ནས་ཉེན་ཡོད་མ་རྩ་ཉོ་སྒྲུབ་ཐག་གཅོད་ཀྱི་ལས་སྒོ་ལེགས་སུ་དང་སྟོབས་ཆེར་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་15ཉིན། 13:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《དངུལ་རྩའི་རྒྱུ་ནོར་དོ་དམ་ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ལྟ་འདོམས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཁྱབ་བསྒྲགས་བྱས་ནས། དངུལ་རྩའི་རྒྱུ་ནོར་དོ་དམ་ཀུང་སིས་ཁྱད་ལྡན་ནུས་པ་འདོན་རྒྱུར་དམིགས་ཏེ། འགྲན་རྩོད་ནུས་པ་གཙོ་བོ་སྐྱེད་སྲིང་བྱེད་མགྱོགས་སུ་གཏོང་བ་དང་། ཉེན་ཡོད་མ་རྩ་ཉོ་སྒྲུབ་ཐག་གཅོད་ཀྱི་ལས་སྒོ་ལེགས་སུ་དང་སྟོབས་ཆེར་གཏོང་བ། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་དང་ས་ཁང་བདག་ཁོངས་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་སེལ་རྒྱུར་ཞབས་འདེགས་ཞུ་བ་བཅས་བྱས་ནས། དངོས་ཚན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད།

མཛུབ་ཁྲིད་བསམ་འཆར་ནང་བསྟན་དོན། ཉེན་ཁའི་དོ་དམ་དང་ནང་ཁུལ་ཚོད་འཛིན་ལམ་སྲོལ་འཛུགས་པར་མུ་མཐུད་ཤུགས་སྣོན་བརྒྱབ་ནས། གསོག་འབོར་ཉེན་ཁའི་རྒྱུ་ནོར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕར་འབོར་ལས་སྒོའི་ཉེན་ཁ་ཚོད་འཛིན་ནན་པོ་བྱེད་པ། རྒྱུ་ནོར་བུན་ཟུག་དང་འཁོར་རྒྱུག་རང་བཞིན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྐྱོན་བྲལ་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། དུས་མཚུངས་མཛུབ་ཁྲིད་བསམ་འཆར་ནང་། ལྟ་འདོམས་ལམ་ལུགས་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས། གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་འདོམས་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།

(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)