གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་15ཉིན། 13:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སི(གཤམ་ལ“འགག་གསུམ་ཚོགས་པ”ཞེས་བསྡུ་རྒྱུ)ནས་ཤེས་རྟོཌ་བྱུང་བར། 2024ལོའི་ཟླ་12ཚེས་1ཉིན། ཆུ་གསབ་བཀོད་གཏོང་བྱེད་འགོ་ཚུགས་པ་ནས་འདི་ལོའི་ཟླ་4ཚེས་1ཉིན་བར། འབྲི་ཆུའི་འགག་གསུམ་ཆུ་མཛོད་ཀྱིས་རིམ་རྩིས་བརྒྱབ་ན་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་46ལྷག་ཙམ་གསབ་ནས། འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་དཔྱིད་རྨོས་ཆུ་འདྲེན་དང་། གྲོང་མིའི་འཚོ་བའི་ཆུ་སྤྱོད། ཆུ་ཐོག་སྐྱེལ་འདྲེན་བཅས་ཀྱི་བདེ་འཇགས་ཐད་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ལོ་རེའི་དགུན་དུས་ནས་སང་ལོའི་དཔྱིད་དུས་བར་ནི་འབྲི་ཆུའི་འབབ་རྒྱུད་དུ་ཆར་ཆུ་ཉུང་དུས་ཡིན་ཞིང་། འབྲི་ཆུའི་འགག་གསུམ་ཚོགས་པས་ཆུ་བེད་པུའི་འབྲི་ཆུའི་ཆུ་བེད་ཨུ་ལྷན་གྱི་བཀོད་གཏོང་བླང་བྱ་གཞིར་བཟུང་། ཚན་རིག་དང་མཐུན་པའི་ངང་ཇུས་གཞི་བཟོས་ནས། 2024ལོའི་ཟླ་12ཚེས་1ཉིན་ནས་བཟུང་འབྲི་ཆུའི་འགག་གསུམ་ཆུ་མཛོད་ཀྱི་ཆུ་འབུད་ཚད་རིམ་བཞིན་མང་དུ་བཏང་སྟེ། ཉིན་རེའི་ཆ་སྙོམས་ཆུ་གསབ་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་7000ནས་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་9000ཡན་བར་རིམ་བཞིན་མང་དུ་བཏང་ནས་གཙང་རྒྱུད་ཀྱི་ཆུ་ལེན་པ་དང་མཚོ་ཐོག་སྐྱེལ་འདྲེན་གྱི་དགོས་མཁོ་ཏན་ཏིག་ངང་བསྐངས་ཡོད།
(པད་ཆོས་ཀྱིས་བསྒྱུར། བདེ་སྐྱིད་ཀྱིས་ཞུས)