འཚོལ་བཤེར།   
藏文频道
2025ལོའི་ཟླ་4ཚེས་15ཉིན།

༄༅།།བོད་ཀྱིས་ཁང་པ་ཉོ་བའི་ཁ་གསབ་སྲིད་ཇུས་མུ་མཐུད་ལེགས་སུ་བཏང་བ།

ཁང་པ་རེའི་ཁ་གསབ་མཐོ་ཤོས་ལ་སྒོར་ཁྲི་5ལས་མི་བརྒལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 04ཚེས་15ཉིན། 09:50】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་13ཉིན་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པས་བོད་ཀྱི་ཁང་པ་ཉོ་བའི་ཁ་གསབ་སྲིད་ཇུས་དྲིལ་བསྒྲགས་ལག་བསྟར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2025ལོའི་ཟླ་1ཚེས་1ཉིན་ནས་2026ལོའི་ཟླ་3ཚེས་25ཉིན་བར། བོད་ཀྱི་ཁང་པ་ཉོ་བའི་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་མཐོ་ཤོས་དེ་ཁང་པ་ཉོ་བའི་སྤྱིའི་རིན་གོང་གི་3%ལས་མི་བརྒལ་བ་དང་ཁང་པ་རེའི་ཁ་གསབ་མཐོ་ཤོས་ལ་སྒོར་ཁྲི་5ལས་མི་བརྒལ་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཁང་པ་ཉོ་བའི་ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་གནད་སྨིན་བྱས་ནས་མ་དངུལ་བེད་མེད་དུ་འཇོག་པར་སྔོན་འགོག་བྱ་ཆེད། བོད་ཀྱི་ཁང་པ་ཉོ་བའི་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་ཐད“ལས་རྗེས་དུས་རྩིས”ཀྱི་བྱེད་ཐབས་སྤྱད་དེ་དངུལ་སྨར་སྤྲོད་རྒྱུ་ཡིན་པ་སྟེ། ཁང་པ་ཉོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་པའི་དུས་ཡུན་ཐིམ་རྗེས། གྲོང་ཁྱེར་དང་ས་ཁུལ་ཁག་གི་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་བོད་ཀྱི་ཁང་པ་ཉོ་བའི་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་མཐོ་ཤོས་ཀྱི་ཚད་གཞིའི་ཁྱབ་ཁོངས་ནང་བོད་རང་སྐྱོང་ལྗོངས་སྡོད་ཁང་གྲོང་གསེབ་ཐིང་ལ་ཁ་གསབ་གྲངས་གཞི་དང་འབྲེལ་ཡོད་དཔང་རྟགས་དཔྱད་གཞི་སྤྲོད་དགོས་པ་དང་། བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་གྲོང་ཁྱེར་དང་ས་ཁུལ་ཁག་གིས་གོང་ཞུ་བྱས་པའི་ཁ་གསབ་གྲངས་གཞིར་ཞིབ་བཤེར་དང་ཕྱོགས་བསྡུས་བྱས་ནས་ཁ་གསབ་མ་དངུལ་གྱི་གྲོས་འགོའི་ཇུས་གཞི་འདོན་རྒྱུ་དང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་མཐའ་མའི་ཞིབ་བཤེར་བྱས་རྗེས་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཁ་གསབ་མ་དངུལ་བཀོད་སྒྲིག་བྱེད་རྒྱུ་རེད།

    གྲོང་ཁྱེར་དང་ས་ཁུལ་ཁག་གི་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་འགན་འཁུར་བས། ལག་ལེན་དུ་འཁྱོལ་ཐུབ་པ་དང་སྤྱོད་ཤས་ཆེ་བའི་ལག་བསྟར་ཇུས་གཞི་བཟོས་ནས་སྙན་ཞུའི་ཞིབ་བཤེར་དང་། ཡོངས་བསྒྲགས་ཁྱབ་བསྒྲཌ། བདག་སྤྲོད་ཞིབ་བཤེར། ཁ་གསབ་སྤྲོད་པ། ཕྱོགས་བསྡུས་སྙན་སེང་ཞུ་བ་སོགས་ཀྱི་ལས་ཀའི་བརྒྱུད་རིམ་གཙོ་གནད་ཐོག་ཁ་གསལ་བཟོ་རྒྱུ་ཡིན་ཞེས་བརྗོད།