གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 04ཚེས་14ཉིན། 14:09】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཟླ་4ཚེས་11ཉིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་། ཏི་པའེ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་དོན་གཅོད་ཁང་གིས་གནས་འཕྲིན་སྤེལ་དོན། ཉེ་དུས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ལེགས་སྒྲིག་བྱས་པ་རེད། གོ་ཆོད་པའི་དུས་ཡུན་ཟླ་6ཡན་གྱི་སྤྱིར་བཏང་གི་ལམ་ཡིག་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་འགོད་མི་དགོས་པར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁོངས་སུ་ཡོང་ཆོག ཉིན་180རེའི་ནང་སྤྱིའི་སྡོད་ཡུན་ཉིན་90ལས་བརྒལ་མི་ཆོག